From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྩེ་མོ་ཅན་ (1)
| Part of speech
|
མིང་ཚིག
|
| Definition
|
མདའ་དང་མདུང་སོགས་རྩེ་མོ་རྣོན་པོ་ཡོད་པའི་ཅ་དངོས།
|
| Example
|
གྲི་རྩེ་མོ་ཅན། མདུང་རྩེ་མོ་ཅན། མདའ་རྩེ་མོ་ཅན་ལྟ་བུ།
|
རྩེ་མོ་ཅན་ (2)
| Part of speech
|
མིང་ཚིག
|
| Definition
|
ལྗོན་ཤིང་སྟེ། རྩེ་མོ་དང་ལྡན་པས་ནའོ། །
|
| Type
|
མངོན་བརྗོད།
|
རྩེ་མོ་ཅན་ (3)
| Part of speech
|
མིང་ཚིག
|
| Definition
|
མེ་སྟེ། མེ་གྱེན་དུ་འབར་བ་རྩེ་མོ་ཅན་དུ་སྣང་བས་ནའོ། །
|
རྩེ་མོ་ཅན་ (4)
| Part of speech
|
མིང་ཚིག
|
| Definition
|
གྲངས་ཀ་གསུམ་སྟེ། དབང་ཕྱུག་གི་མདུང་ལ་རྩེ་མོ་གསུམ་ཡོད་པས་དེ་ལྟར་ཐོགས་པར་བཤད།
|
རྩེ་མོ་ཅན་ (5)
| Part of speech
|
མིང་ཚིག
|
| Definition
|
རི་སྤྱི་སྟེ། ས་ངོས་ནས་རྩེ་མོ་གྱེན་དུ་འགྲེང་ཡོད་པས་ནའོ། །
|
རྩེ་མོ་ཅན་ (6)
| Part of speech
|
མིང་ཚིག
|
| Definition
|
རྨ་བྱ་སྟེ། གཙུག་ཕུད་རྩེ་མོ་དང་ལྡན་པས་ནའོ། །
|
རྩེ་མོ་ཅན་ (7)
| Part of speech
|
མིང་ཚིག
|
| Definition
|
མདའ་སྟེ། མདའི་རྩེ་མོ་ཤིན་ཏུ་རྣོ་བས་ནའོ། །
|