82216
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྙིང་མ། རྩེ་མོ་བཞི་ནི། ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་ཀྱི་སློབ་མའི་གྲས་ནས། མཁྱེན་རྒྱ་དང་། སྒོམ་སྒྲུབ་དང་། བཤད་པ་དང་། ལྟ་དགོངས་རེ་རེ་ལ་ཕུལ་དུ་ཕྱིན་པའམ་རྩེ་མོར་སོན་པའི་བུ་སློབ་གྲགས་ཆེ་བ་བཞི་སྟེ། ར་སའི་ཞང་འགོས་ཆུང་པ་མཁྱེན་རྒྱའི་རྩེ་མོ། ཤངས་མཚོ་ཉའི་བཟང་སྒོམ་ཤེས་རབ་རྒྱལ་པོ་སྒོམ་སྒྲུབ་ཀྱི་རྩེ་མོ། བན་གྱི་མི་ཉག་ཁྱུང་གྲགས་བཤད་པའི་རྩེ་མོ། ཐག་གི་བདེ་གཤེགས་རྒྱ་བོ་སྟེ། ཟུར་ཆུང་ཤེས་རབ་གྲགས་པ་ལྟ་དགོངས་ཀྱི་རྩེ་མོ་བཅས་བཞིའོ། །འདི་བཞི་པོར་འབར་རྩེ་མོ་བཞི་ཞེས་ཀྱང་གྲགས། དེའི་ཐོག་ལ་ཆོས་ཀྱི་སྟེང་དུ་ཕོ་ཟོའི་རྩེ་མོར་གྱུར་པ་རྩགས་བླ་མ་སྟེ། རྩེ་མོ་བཞི་རྩེ་ལྐོག་དང་ལྔ་ཞེས་གྲགས་སོ། ། |
| Domain | ལོ་རྒྱུས། |