82220

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩེ་མོའི་སྦྱོར་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཁྱེན་གསུམ་གྱི་རྣམ་པ་བསྡུས་སྒོམ་རབ་ཏུ་གྱུར་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར། དབྱེ་ན། སྦྱོར་ལམ་རྩེ་སྦྱོར། མཐོང་ལམ་རྩེ་སྦྱོར། སྒོམ་ལམ་རྩེ་སྦྱོར། བར་ཆད་མེད་པའི་རྩེ་སྦྱོར་དང་བཞིར་ཡོད། ས་མཚམས། ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་ན་ཡོད།
Domain ཆོས་ལུགས།
རྩེ་མོའི་སྦྱོར་བ་ (2)
Part of speech མིང་ཚིག
Definition མངོན་རྟོགས་བརྒྱད་ཀྱི་ནང་ཚན་གང་ཞིག་མཁྱེན་གསུམ་གྱི་རྣམ་པ་ལ་དབང་ཐོབ་པའི་བྱང་སེམས་ཚོགས་ལམ་ཡན་ཆད་ཀྱི་སྦྱོར་བ་ཞིག་ལ་འཇོག་པའི་ཕྱིར། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། རང་ལུགས། མཁྱེན་གསུམ་བསྡུས་སྒོམ་ཐེག་ཆེན་གྱི་ཚོགས་ལམ་ལས་རབ་ཏུ་གྱུར་པའི་ཤེས་རབ་ཀྱིས་ཟིན་པའི་སེམས་དཔའི་རྣལ་འབྱོར། རྩེ་སྦྱོར་གྱི་མཚན་ཉིད། དབྱེ་ན། སྦྱོར་ལམ་རྩེ་སྦྱོར། མཐོང་ལམ་རྩེ་སྦྱོར། སྒོམ་ལམ་རྩེ་སྦྱོར། བར་ཆད་མེད་པའི་རྩེ་སྦྱོར་དང་བཞི། ས་མཚམས་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ནས་རྒྱུན་མཐའི་བར་དུ་ཡོད་དོ། །ཞེས་གསུངས་སོ། །