82227
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྩེ་གཟིམ་ཆུང་འགག་སྟེ། འཚོགས་ཡུལ་རྩེ་ཕོ་བྲང་པོ་ཏ་ལ་དང་། ནོར་གླིང་ཉི་འོད་གཟིམ་ཆུང་ཁག་གི་སྒོ་འགག་ཏུ་ཡིན། འདི་ཏཱ་ལའི་བླ་མའི་སྐུ་མདུན་དུ་རྩེ་དྲུང་རྣམས་དྲུང་ཇ་དང་མཛད་སྒོ་ཁག་ལ་འདུ་འཛོམས་བྱེད་སའི་རྩེ་འགག་ཅེས་པ་དེ་ཡིན། འདིའི་འགོ་འཛིན་རྩེ་མཁན་མགྲོན་ཆེ་བ། མགྲོན་གཉེར་ཆེན་མོ་ཡང་ཟེར་བ་དང་། དེའི་འོག་ཏུ་རྩེ་མགྲོན་བཅུ་དྲུག གཟིམ་འགག་བཞི་བཅས་ཡོད། དྲུང་ཇ་འཚོགས་གྲོལ་འདི་ཡང་ཏཱ་ལའི་བླ་མ་སྐུ་འཕྲེང་ལྔ་བའི་སྐབས་གམ་ཞབས་སེར་མོ་བ་ཉུང་ཤས་ལས་མེད་པ་དེ་རྣམས། རྩེ་པོ་ཏ་ལར་གཏན་སྡོད་ཀྱིས་ཇ་རྩམ་སོགས་གཞུང་ནས་ནར་གཏོང་བྱེད་སྲོལ་ཡོད་པ་དེ། ཏཱ་ལའི་བླ་མ་སྐུ་འཕྲེང་བདུན་པའི་སྐབས་ནས་སེར་མོ་བ་རྣམས་དྲུང་འཁོར་དང་འདྲ་བའི་སྲིད་ལས་བྱེད་པོའི་གྲས་སུ་ཞུགས་ཏེ་རྩེ་དྲུང་ཞེས་པའི་མིང་ཆགས་རྗེས་ཀྱང་མུ་མཐུད་རྒྱུན་འཛིན་བྱས་པ་ཞིག་ཡིན། དྲུང་ཇ་འཚོགས་ཡུན་ཆུ་ཚོད་གཉིས་ཙམ་གྱི་དུས་ཚོད་འདི་ནི་ཏཱ་ལའི་བླ་མས་ཉིན་རེའི་ཆོས་སྲིད་ཀྱི་མཛད་སྒོ་ཅི་རིགས་གནང་བའི་དུས་ཚོད་ཡིན་ཞིང༌། ཉིན་ལྟར་ཞོགས་པ་ཆུ་ཚོད ༡༡ ཐོག་རྩེ་དྲུང་ཡོངས་རྫོགས་དང༌། ཤོད་ལྟར་བཞུགས་བྱ་བཀའ་བློན། ནོར་གླིང་དུ་བཀའ་བློན་སྡོད་རེས་རྩེ་ཕྱག ཕེབས་བྱམས་འགོ་པ་བཅས་དྲུང་ཇ་འཐུང་བར་འདུ་འཛོམས་ཀྱིས་མདོ་སྦུག་གྲལ་གནས་སོ་སོར་འཛོལ་མེད་བསྡད་ཐོག་གཟིམ་འགག་གིས་ཕྲེང་བ་འཛིན་ཞིང་སྒྲིག་ཁྲིམས་གནོན་པ་དང༌། དེ་བྱིངས་ཚང་མས་ཕྲེང་བའང་འཛིན་མི་ཆོག་ཅིང༌། གླེང་མོལ་དང་སྐད་ཅོར་གྱི་རིགས་མེད་པར་མཛེས་ལམ་གང་ཆགས་ཀྱིས་སྡོད་དགོས་པ་ཡིན། |