82233

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩེ་ར་དགོན་ (1)
Part of speech མིང་ཚིག
Definition འདམ་ཆེན་རྩེ་རའི་ཉེ་འདབས་སུ་བཏབ་པས་རྩེ་ར་དགོན་དུ་གྲགས། ཀརྨ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པས་གནས་ངོས་བཟུང་སྟེ་རི་ཁྲོད་ཅིག་བཏབ། རྗེས་འདིར་ཕེབས་ནས་གཡུ་མཚོ་སྔོན་མོའི་ཁའི་སྒྲུབ་ཕུག་ནང་སྐུ་མཚམས་ཡུན་རིང་བཞུགས། རབ་བྱུང་གསུམ་པའི་དཀྱིལ་ཙམ་དུ་རི་ཁྲོད་དགོན་པའི་ཚུལ་དུ་ཕྱག་བཏབ། དེའི་རྗེས་ཀརྨ་པཀྵི་བྱོན་ནས་བསྟན་པ་སྤེལ། དེའི་འཕྲོས་རང་བྱུང་རྡོ་རྗེ་བྱོན་ནས་སྦྱོར་དྲུག་སོགས་ཀྱི་སྨིན་ཁྲིད་རྒྱས་པར་གནང་། མཚོ་ཁའི་ཞབས་རྗེས་དང་། བཞུགས་ཁྲི་སོགས་དེང་སང་ཡང་མཇལ་རྒྱུ་ཡོད། དེའི་ཡན་ཀརྨ་བཀའ་བརྒྱུད་ཀྱི་བསྟན་པ་འཛིན་པའི་སྐབས་སོ། །སྐབས་ཞིག་ཏུ་འབྲུག་པ་པདྨ་དཀར་པོ་བྱོན་ནས་བསམ་གཏན་ལྷུན་གྲུབ་དགོན་བཏབ་པ་ནས་བཟུང་འབྲུག་པའི་ཆོས་བརྒྱུད་ཀྱང་སྤེལ་བར་གྲགས། དེའི་རྗེས་རྒྱལ་བ་མཆོག་དབྱངས་ཀྱིས་ཉིན་གཅིག་ལ་ལྷ་ཁང་ཀ་བ་བཞི་ཅན་དང་། ཐུབ་པ་དགུང་ལོ་བརྒྱད་ལོན་པའི་སྐུ་འདྲ་ངོ་མཚར་ཅན་ཞིག་བཞེངས། དེ་ནས་སྒྲུབ་མཆོད་སོགས་ཕལ་ཆེར་རྙིང་མར་གྱུར། ཁོང་གི་ཟབ་གཏེར་རྟ་མགྲིན་དབང་ཆེན་དྲེགས་འདུལ། གུ་དྲལ་གནམ་ལྕགས་མེ་འཁོར། ཐུགས་རྗེ་ཆེན་པོ་ནོར་བུ་རྒྱན་ཕྲེང་། བླ་སྒྲུབ་འོད་ཀྱི་དྲྭ་བ་སོགས་ཀྱི་སྒྲུབ་མཆོད་བཙུགས།