82235

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩེ་རྣམ་གན་ལས་ཁུངས་ (1)
Part of speech མིང་ཚིག
Definition རྩེ་རྣམ་གན་དངུལ་སྐྱེད་ལས་ཁུངས། རབ་བྱུང་བཅོ་ལྔ་པའི་ས་ལུག ཕྱི་ལོ་ ༡༩༡༩ ལོར་སྨན་རྩིས་ཁང་སོགས་ཀྱི་གྲོན་དངུལ་གཏོང་དམིགས་སུ་རྩེ་རྣམ་གན་བཀར་ཁོངས་ནས། ཊམ་དཀར་འབོར་ཆེན་ཞིག་སྒེར་ཆོས་ཚོང་རིགས་ཁག་ལ་མ་འཛུགས་གནང་བའི་རྩེ་རྣམ་གན་དངུལ་སྐྱེད་དོ་དམ་ཞེས་རྩེ་སྐོར་མཁན་ཆེ་གཅིག་དང༌། དྲུང་རྩིས་གཉིས། རྩེ་ཤོད་གཟིམ་འགག་གཉིས། རྩེ་དྲུང་ལས་ཚན་པ་གཉིས། ཤོད་དྲུང་རྩིས་པ་གཅིག ལས་བྱ་རྩེ་དྲུང་བཅུ་སྐོར་བཅས་བསྐོ་གཞག་གིས་སྐྱེད་དུས་དུས་བཀག་སོ་སོར་སྐྱེད་འབབ་ཆད་མེད་བསྡུ་ལེན་བྱས་ནས་ལོ་ལྟར་བཀའ་ཤག་ལ་རྩིས་ཁྲ་ཕུལ་ཏེ་དག་མཆན་ཞུས་ཐོག་ལོ་འཁོར་རེར་དོ་དམ་ངོས་ལས་བརྗེ་ལེན་དགོས་པ་ཡིན།

{{#arraymap:རྩེ་རྣམ་གན་ལས་ཁུངས་

|; |@@@ | | }}