82237

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩེ་ལྡེ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཅིག་པའི་དཀྱིལ་དུ་མངའ་རིས་གུ་གེར་མངའ་བདག་འོད་ལྡེའི་སྲས་སུ་འཁྲུངས། ནར་སོན་རྗེས་མངའ་རིས་གུ་གེའི་ཆབ་སྲིད་བསྐྱངས། རིགས་སྲས་འབར་ལྡེ་དང་། བཀྲ་ཤིས་ལྡེ། ལྷ་ལྡེ། ནཱ་ག་དེ་ཝ་རྣམས་འཁྲུངས། ་རྒྱ་གར་ནས་པཎྜི་ཏ་ཞི་བ་བཟང་པོ་དང་། མཁས་པ་ཛྙ་ན་ཤྲཱི། འཆི་བ་མེད་པ་ར་ཧེ་ཏ། པཎྜི་ཏ་ག་ཡ་དྷ་ར། བཙུན་མོ་ཅན། པཎྜི་ཏ་པུནྱ་ཤྲཱི། སུརྱ་སི་ཏི། པཎྜི་ཏ་སུ་མ་ཏི་ཀིརྟི། པཎྜི་ཏ་གཞོན་ནུ་བུམ་པ། གསེར་གྱི་གོ་ཆ། བལ་པོ་བྷ་ལེནྡྲ་རྣམས་གདན་དྲངས། རབ་བྱུང་དང་པོའི་མེ་འབྲུག་ཕྱི་ལོ་ ༡༠༧༦ ལོར་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་ཕལ་ཆེར་མངའ་རིས་སུ་འདུས་ཏེ། ཆོས་འཁོར་བསྐོར་བའི་བསྙེན་བཀུར་དང་བདག་རྐྱེན་པ་མཛད། ལོ་པཎ་མང་པོས་མདོ་སྔགས་ཀྱི་རིགས་ལམ་སྤེལ། བོད་ལ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བ་མང་པོ་ཐོན་པའི་འགོ་ཚུགས། བོད་ཀྱི་རིག་གནས་འཕེལ་བའི་བྱས་རྗེས་བཞག། མངའ་རིས་གུ་གེའི་རྒྱལ་རབས་བཞི་པ་ཡིན།