82249

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩེ་སྦྱོར་བཞིར་ཕྱེ་བའི་དགོས་པ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། སྤྱིར་རྩེ་སྦྱོར་ལ་སྦྱོར་ལམ་རྩེ་སྦྱོར་དང། མཐོང་ལམ་རྩེ་སྦྱོར་དང། སྒོམ་ལམ་རྩེ་སྦྱོར་གསུམ་དུ་གྲངས་ངེས་པ་ཡིན་ཏེ། རྩེ་སྦྱོར་གྱི་མ་མཐའི་ས་མཚམས་བྱང་སེམས་ཀྱི་སྦྱོར་ལམ་ནས་ཡ་མཐའ་རྒྱུན་མཐའི་བར་དུ་ཡོད་པའི་ཕྱིར། འོན་ཀྱང་འདིར་བར་ཆད་མེད་པའི་རྩེ་སྦྱོར་དང་བཞིར་ཕྱེ་བ་ལ་དགོས་པ་ཡོད་དེ། མཐོང་ལམ་དང་སྒོམ་ལམ་རྩེ་སྦྱོར་སྤང་བྱ་གཟུང་འཛིན་གྱི་རྣམ་རྟོག་བརྒྱ་རྩ་བརྒྱད་ཀྱི་གཉེན་པོར་བསྟན་པ་ན་བྱང་སེམས་དབང་རྟུལ་འགའ་ཞིག་སེམས་ཞུམ་པར་འགྱུར་བའི་ཞུམ་པ་གཟེངས་བསྟོད་པའི་ཕྱིར་བར་ཆད་མེད་པའི་རྩེ་སྦྱོར་ཉིད་ཡོན་ཏན་གྱི་ལྡོག་པ་ནས་བསྟན་པའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:རྩེ་སྦྱོར་བཞིར་ཕྱེ་བའི་དགོས་པ་

|; |@@@ | | }}