82264
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མཚན་རྒྱས་པར། རྩེད་ཐང་བསམ་གཏན་གླིང་བདེ་བ་ཆེན་པོའི་གཙུག་ལག་ཁང་ནི། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་བསྟི་གནས་ཀྱི་དགོན་པ་ཞིག་ཡིན་ལ། འདི་ནི་སྣེའུ་གདོང་ཕོ་བྲང་གི་ཉེ་འདབས་རྩེད་ཐང་གི་རི་མགོ་ན་ཆགས། རྭ་ལོའི་ཐུགས་དམ་རྟེན་འཇིགས་བྱེད་བྲིས་ཐང་དང། གྱང་ངོས་སུ་ཀུན་མཁྱེན་གཡག་པར་ས་པཎ་ཞལ་གཟིགས་རང་བྱོན་དུ་རི་མོ་ཁྲོ་ལེ་བ་ངོ་མཚར་ཅན་མཇལ་རྒྱུ་ཡོད་ལ། དགོན་པ་འདིར་དཔལ་ལྡན་བླ་མ་དམ་པ་དང་། ཡར་ཀླུངས་པ་སེང་གེ་རྒྱལ་མཚན་སོགས་ཀྱིས་བསྐྱངས། འགོས་ལོ་ཡང་ཆོས་གྲྭར་འདིར་བྱོན་ཅིང་ཆོས་འཆད་ཉན་མཛད་པ་དང་། གཞན་ཡང་། བུ་སྟོན་རིན་པོ་ཆེ། རྒྱལ་སྲས་ཐོགས་མེད། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་རྣམ་གསུམ་ནས་རྩེ་ཐང་གི་དབེན་དགོན་བསམ་གཏན་གླིང་དུ་སོ་སོའི་གཟིམས་ཁང་ཀྱང་བརྩིགས། |