From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གནས་སྐབས་གསུམ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། དབུ་མ་ལ་འཇུག་པའི་འགྲེལ་བཤད་ཅེས་བྱ་བ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་ཞེས་བྱ་བ་སྟེ། གཞོན་ནུའི་གནས་སྐབས། རྒྱལ་ཚབ་ཀྱི་གནས་སྐབས། རྒྱལ་པོར་དབང་བསྐུར་བའི་གནས་སྐབས།
|
| Domain
|
ཆོས་ལུགས།
|
གནས་སྐབས་གསུམ་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཡན་ལག་དྲུག་ཕྱག་རྒྱ་གསུམ་གྱི་ལམ་གྱིས་བསྡུས་པས་སྣ་ཚོགས་གཙོ་བོ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལ་གནས་སྐབས་གསུམ་སྟེ། འཛིན་པ་ཡན་ཆད་ནས་རྗེས་དྲན་གྱི་ཐོག་མའི་བར་ནི་ཐིག་ལེ་སླ་བའི་གནས་སྐབས་དང། དབང་པོ་དམན་པའི་གནས་སྐབས་དང། ལས་རྒྱའི་ལམ་གྱི་བགྲོད་དགོས་པའི་སྐབས་སོ། །རྗེས་དྲན་གྱི་གནས་སྐབས་བར་པ་ནི། ཐིག་ལེ་བར་མ་དང། དབང་པོ་འབྲིང་གི་སྐབས་ཏེ། ལས་རྒྱ་མི་དགོས་ཤིང། ཕྱག་ཆེན་ཁོ་ནས་མི་ཆོག་ལ། ཡེ་རྒྱ་ཉིད་གཙོ་བོར་བསྟེན་དགོས་པའི་སྐབས་ཡིན་པའི་ཕྱིར། ཡེ་ཤེས་ཀྱི་ཕྱག་རྒྱའི་ལམ་མོ། །རྗེས་དྲན་གྱི་གནས་སྐབས་ཐ་མ་དང། ཏིང་ངེ་འཛིན་ནི་ཐིག་ལེ་བསྐ་བ་དང། དབང་པོ་རྣོན་པོའི་གནས་སྐབས་ཏེ། ཕྱག་རྒྱ་ཆེན་པོ་ཉིད་ཀྱི་ལམ་ཡིན་ནོ། །
|