82294
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅོ་ལྔ་པའི་སྟོད་དུ་འཁྲུངས། ཆུང་དུས་ནས་རྩེས་ཐང་དགོན་པའི་ཆོས་གྲྭར་ཞུགས། རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་རྣམས་མནོས། མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་མཛད། ལེགས་སྦྱར་གྱི་སྐད་ཡིག་ལ་བྱང་ཆུབ་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་དཔལ་ལྡན་བླ་མ་ནགས་ཀྱི་རིན་ཆེན་གྱི་བསྟོད་པ་བདུན་པ་དང་། ཀྱེའི་རྡོ་རྗེ་སྒྲུབ་ཐབས་ཀྱི་དཀའ་འགྲེལ། ཀྱེའི་རྡོ་རྗེའི་སྒྲུབ་ཐབས་རྣམ་པར་དག་པའི་གཏེར། གྲུབ་མཐའ་བདུན་པ། སྲུང་བ་ལྔའི་མཆོད་པའི་ཆོ་ག གཟའ་དགུའི་མཆོད་པའི་ཆོ་ག གཞོན་ནུ་མ་བདུན་གྱི་རྟོགས་པ་བརྗོད་པ། བསླབ་པ་བཅུའི་ཆོ་ག ཡེ་དྷརྨའི་འགྲེལ་བ་བཅས་བཞུགས། |