82295
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དགུ་པའི་ལྕགས་འབྲུག་ཕྱི་ལོ་༡༥༢༠ ལོར་རྩེས་ཐང་སྲང་དཀྱིལ་དུ་འཁྲུངས། ཆུང་ངུའི་སྐབས་ནས་རྩེས་ཐང་དུ་རབ་བྱུང་བསྒྲུབས། ཡུམ་ཆེན་གྱིས་དགའ་ལྡན་གྱི་གསེར་ཁྲི་ཐོབ་པ་ཞིག་དགོས་གསུངས་པ་ལྟར། སྐྱིད་ཤོད་དུ་སློབ་གཉེར་ལ་མངགས། མདོ་སྔགས་རིག་གནས་དང་བཅས་སྦྱངས། མཁས་པ་ཆེན་པོར་གྱུར། རྒྱུད་སྟོད་དང་ཤར། ཕག་མོ་ཆོས་སྡེ་རིན་ཆེན་གླིང་སོགས་ཀྱི་ཞལ་འཛིན་མཛད། ཞེ་དགུ་བ་རབ་བྱུང་བཅུ་བའི་ས་འབྲུག་ཕྱི་ལོ་༡༥༦༨ ལོར་དགའ་ལྡན་གསེར་ཁྲིར་བཞུགས། གསེར་ཁྲི་ལོ་ངོ་བདུན་རིང་བསྐྱངས། ཟབ་རྒྱས་ཆོས་འཁོར་བསྐོར། སྨོན་ལམ་ཆེན་མོའི་གྲལ་དབུར་སྐབས་དུ་མར་ཕེབས། དགའ་ལྡན་ཚོགས་ཆེན་གྱི་ལྡེབས་རིས་དང་། སྤེན་པད་སོགས་ཚགས་སུ་ཚུད། ང་དྲུག་པར་རྡོ་ཁང་དུ་ཟུར་བཞུགས་མཛད། ང་བདུན་པ་རབ་བྱུང་བཅུ་པའི་མེ་བྱི་ཕྱི་ལོ་༡༥༧༦ ལོར་སྐུ་གཤེགས། གསེར་ཟངས་ལས་གྲུབ་པའི་རྣམ་རྒྱལ་མཆོད་རྟེན་བློས་བསླངས་ཁང་དུ་བཞུགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་ཉེར་གསུམ་པ་ཡིན། མཚན་གཞན། ཆོས་རྗེ་ཚེ་བརྟན་རྒྱ་མཚོ། |