82300

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩོད་གཞི་ཆོས་ཅན་ (1)
Part of speech མིང་ཚིག
Definition ཤེས་འདོད་ཆོས་ཅན་དང་དོན་གཅིག རྒོལ་སྔ་རྒོལ་དང་ཕྱི་རྒོལ་གཉིས་ཀྱི་རྩོད་པའི་གཞི་སྟེ། དཔེར་ན་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར་ཞེས་པ་ལ་མཚོན་ན་སྒྲ་ལྟ་བུའོ། །དེ་ཡང་། པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། པཎྚི་ཏ་སུརྱཱས་གནོད་བྱེད་བརྗོད་པ་མི་མཚུངས་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཞེས་པའི་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཞེས་པའི་སྒྲ་ལས་དེ་སྒྲུབ་ཀྱི་རྩོད་གཞི་ཆོས་ཅན་ཐུན་མོང་མ་ཡིན་པར་གོ་ནུས། སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ཆོས་ཞེས་པའི་ཆོས་ཅན་ཞེས་པའི་སྒྲ་ལས་དེ་སྒྲུབ་ཀྱི་རྩོད་གཞི་ཆོས་ཅན་ཐུན་མོང་མ་ཡིན་པར་གོ་མི་ནུས་པའི་ཕྱིར། རྟགས་གཉིས་ཀ་གྲུབ་སྟེ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཞེས་པའི་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཞེས་པའི་སྒྲ་དེ་སྒྲ་ཁོ་ན་ལ་འཇུག་པར་མཁས་པ་ལ་གྲགས། སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ཆོས་ཞེས་པའི་ཆོས་ཅན་ཞེས་པའི་སྒྲ་དེ། སྒྲར་མ་ཟད་གཞན་གཉིས་ཀ་ལའང་འཇུག་པར་མཁས་པ་ལ་གྲགས་པའི་ཕྱིར་ཏེ། དཔེར་ན་ལག་ལྡན་ཞེས་པའི་སྒྲ་གླང་པོ་ཆེ་ཁོ་ན་དང་། མགོ་ལྡན་ཞེས་པའི་སྒྲ་མགོ་དང་ལྡན་ཚད་ལ་འཇུག་པར་འཇིག་རྟེན་ན་གྲགས་པ་ལྟ་བུ་ཡིན་པའི་ཕྱིར། འདི་ནི་རིགས་གཏེར་ལས་ཀྱང་། ཕྱོགས་དང་ཆོས་ཅན་མཚུངས་ཞེ་ན། །གྲགས་པའི་སྒོ་ནས་ཁྱད་པར་ཡོད། །ཆོས་དང་འབྲེལ་བའི་ཕྱོགས་ཀྱི་སྒྲས། །རྩོད་གཞི་ཉིད་ཡིན་ལག་ལྡན་བཞིན། །ཆོས་དང་འབྲེལ་བའི་ཆོས་ཅན་སྒྲས། །ངེས་པར་མི་འགྱུར་མགོ་ལྡན་བཞིན། །ཞེས་ཤིན་ཏུ་གསལ་བ་འབྱུང་ངོ་། །
Domain ཚད་མ།