82323
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སོ་སོར་ཐར་པའི་མདོ་ལས་བྱུང་བ་སྟེ། ༡ མངོན་སུམ་གྱིས་འདུལ་བར་འོས་པ་ལ་མངོན་སུམ་གྱིས་འདུལ་བ་སྦྱིན། ༢ དྲན་པས་འདུལ་བར་འོས་པ་ལ་དྲན་པས་འདུལ་བ་སྦྱིན། ༣ མ་མྱོས་པས་འདུལ་བར་འོས་པ་ལ་མ་མྱོས་པས་འདུལ་བ་སྦྱིན། ༤ གང་ཚུལ་ཤིང་མང་པོ་སྦྱིན་པར་འོས་པ་ལ་ཚུལ་ཤིང་མང་པོ་སྦྱིན། ༥ དེའི་ངོ་བོ་ཚོལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་བཙལ་བ་སྦྱིན། ༦ རྩྭ་བཀྲམ་པ་ལྟ་བུ་འོས་པ་ལ་རྩྭ་བཀྲམ་པ་ལྟ་བུ་སྦྱིན། ༧ གང་ཁས་བླང་བར་འོས་པ་ལ་ཁས་བླང་བ་སྦྱིན་པར་བྱའོ། །རྩོད་པ་བྱུང་བར་གྱུར་པ་རྣམས་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་འདི་དག་གིས་ཆོས་དང་། འདུལ་བ་དང་། སྟོན་པའི་བསྟན་པ་བཞིན་དུ་དུལ་བར་བྱ། ཞི་བར་བྱ། རྣམ་པར་ཞི་བར་བྱའོ། ། |
Domain | ཆོས་ལུགས། |
{{#arraymap:རྩོད་པ་ཞི་བར་བྱ་བའི་ཆོས་བདུན་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | འདུལ་བ་གཞུང་དམ་པ་ལས་བྱུང་བ་སྟེ། མངོན་སུམ་གྱིས་འདུལ་བ། དྲན་པས་འདུལ་བ། མ་ཡེངས་པས་འདུལ་བ། དེའི་རང་བཞིན་ཚོལ་བ། གང་མང་དུ་བྱ་བ། ཡི་དམ་འཆར་གཞུག་པ། རྩྭ་བཏིང་བ་ལྟ་བུའོ། ། |
{{#arraymap:རྩོད་པ་ཞི་བར་བྱ་བའི་ཆོས་བདུན་
|; |@@@ | | }}