82334
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། རྩོད་པ་འཕྲུལ་མའི་དོན་ནི། པཎ་ཆེན་འདུལ་བ་ལས། ལྟུང་ཕྱིར་རྩོད་པ་དེ་ལ་ཕྱིར་འཕྲོ་བ་མེད་པའི་རྩོད་པ་སོགས་གསུམ་གྱི་དབྱེ་བ་དངོས་སུ་གསུངས་པ་བཞིན་དུ་མི་གདམས་ཕྱིར་གྱི་རྩོད་པ་ལ་ཡང་དེ་གསུམ་གྱི་དབྱེ་བ་སྦྱར་དུ་རུང་བ་དང་། རྒྱུ་མེད་པའི་རྩོད་པ་དེ་ལ་གཞི་མེད་པའི་རྩོད་པ་སོགས་བཞིའི་དབྱེ་བ་དངོས་སུ་གསུངས་པ་བཞིན་དུ་ལྟུང་ཕྱིར་རྩོད་པ་ལ་ཡང་དེའི་དབྱེ་བ་སྦྱར་དུ་རུང་བ་རྒྱུ་མཚན་མཚུངས་ཞེས་པའི་དོན་ཡིན་པའི་ཕྱིར། དྲུག་པ་ཞི་བྱེད་འཕྲུལ་མའི་དོན་ཡོད་དེ། ཕྱིར་འཕྲོ་བ་མེད་པའི་རྩོད་པ་དེ་ལྟུང་བ་ཁས་ལེན་པ་ཞི་བྱེད་དུ་དངོས་སུ་གསུངས་པ་བཞིན་དུ་ཕྱིར་འཕྲོ་བ་ཉི་ཚེ་བ་དང་འབྲེལ་བའི་རྩོད་པ་ལ་ཡང་། ལྟུང་བ་ཁས་ལེན་པ་ཞི་བྱེད་དུ་སྦྱར་དུ་རུང་བ་དང་། ཕྱིར་འཕྲོ་བ་ཉི་ཚེ་བ་དང་འབྲེལ་བའི་རྩོད་པ་དེ་ལ་མངོན་སུམ་ཞི་བྱེད་དུ་དངོས་སུ་གསུངས་པ་བཞིན་དུ་ཕྱིར་འཕྲོ་བ་མེད་པའི་རྩོད་པ་ལ་ཡང་མངོན་སུམ་ཞི་བྱེད་དུ་སྦྱར་དུ་རུང་བར་མཚུངས་ཞེས་པའི་དོན་ཡིན་པའི་ཕྱིར། བདུན་པ་རྩོད་པ་མཐར་སྐྱེལ་ཚུལ་ཡོད་དེ། གནས་ནས་དབྱུང་བ་དང་། ཕྱིར་བཅོས་པའི་སྒོ་ནས་རྩོད་པ་མཐར་སྐྱེལ་བར་བྱ་བ་ཡིན་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |