82345

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩོད་པའི་དཔང་པོ་ (1)
Part of speech མིང་ཚིག
Definition སྔ་རྒོལ་དང་ཕྱི་རྒོལ་གཉིས་རྩོད་པའི་རྒྱལ་ཁ་སུ་ལ་ཐོབ་པ་དང་སུ་ཕམ་ཡོད་མེད་ཀྱི་ཤན་ནམ་ཁྱད་པར་འབྱེད་པའི་གྲྭར་ཞུགས་པའི་གང་ཟག་ཅིག་ལ་བྱ་ལ། དེ་ལ་དབྱེ་ན། ཤན་འབྱེད་པའི་དཔང་པོ། རྗེས་སུ་བརྗོད་པའི་དཔང་པོ། ཚར་གཅོད་པའི་དཔང་པོ་དང་གསུམ་ཡོད། བློ་གཟུ་བོར་གནས་པའི་སྒོ་ནས་རྩོད་པ་ལེགས་ཉེས་སོ་སོར་འབྱེད་པའི་གང་ཟག་ལྟ་བུ་ལ་ཤན་འབྱེད་པའི་དཔང་པོ་དང་། བློ་གཟུ་བོར་གནས་པའི་སྒོ་ནས་རྩོད་པ་ལེགས་ཉེས་སོ་སོར་ཤན་མི་འབྱེད་པར་དེ་དག་མ་འཁྲུག་པར་སོ་སོར་བརྗོད་པའི་གང་ཟག་ལྟ་བུ་ལ་རྗེས་སུ་བརྗོད་པའི་དཔང་པོ། སྔ་རྒོལ་དང་ཕྱི་རྒོལ་གཉིས་ཀྱི་ནང་ནས་ལེགས་པ་ལ་གཟེངས་བསྟོད་པ་དང། ཕམ་ཉེས་བྱུང་བ་ལ་སྨད་པའི་སྒོ་ནས་ཕམ་པའི་གྲུབ་མཐའ་དེ་འདོར་དུ་འཇུག་ཅིང་། གྲུབ་མཐའ་ལ་ཞེན་པས་མི་འདོར་ན་གནས་ནས་སྐྲོད་པ་ལ་སོགས་པའི་སྒོ་ནས་ཚར་གཅོད་པའི་གང་ཟག་ལྟ་བུ་ལ་ཚར་གཅོད་པའི་དཔང་པོ་ཞེས་བྱ་སྟེ། དགའ་བྱང་ཡིག་ཆ་ཡོངས་འཛིན་བསྡུས་གྲྭ་ལས། དཔང་པོའི་མཚན་ཉིད་ཡོད་དེ། སྔ་རྒོལ་ཕྱི་རྒོལ་རྒྱལ་ཕམ་ཤན་འབྱེད་པའི་གྲྭར་ཞུགས་པའི་གང་ཟག་དེ་དེ་ཡིན་པའི་ཕྱིར། དེ་ལ་དབྱེ་ན་གསུམ་ཡོད་དེ། ཤན་འབྱེད་པའི་དཔང་པོ། རྗེས་སུ་བརྗོད་པའི་དཔང་པོ། ཚར་གཅོད་པའི་དཔང་པོ་དང་གསུམ་ཡོད་པའི་ཕྱིར། མཚན་གཞི་རིམ་པ་བཞིན་དུ་བཞག་ཏུ་ཡོད་དེ། བློ་གཟུ་བོར་གནས་པའི་སྒོ་ནས་རྩོད་པ་ལེགས་ཉེས་སོ་སོར་འབྱེད་པའི་གང་ཟག་ལྟ་བུ་དང་པོ་དང་། བློ་གཟུ་བོར་གནས་པའི་སྒོ་ནས་ལེགས་ཉེས་སོ་སོར་ཤན་མི་འབྱེད་པར་དེ་དག་མ་འཁྲུག་པར་སོ་སོར་བརྗོད་པའི་གང་ཟག་ལྟ་བུ་གཉིས་པ་དང། དེ་གཉིས་ཀྱི་ནང་ནས་ལེགས་པ་ལ་གཟེངས་བསྟོད་པ་དང། ཉེས་པ་ལ་སྨད་པའི་སྒོ་ནས་གྲུབ་མཐའ་དེ་འདོར་དུ་འཇུག་ཅིང་། གྲུབ་མཐའ་ལ་ཞེན་པས་མི་འདོར་ན་གནས་ནས་སྐྲོད་པ་ལ་སོགས་པའི་སྒོ་ནས་ཚར་གཅོད་པའི་གང་ཟག་ལྟ་བུ་གསུམ་པའི་མཚན་གཞི་ཡིན་པའི་ཕྱིར། ཞེས་གསུངས།
Domain ཚད་མ།