8236

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་སྐབས་མཆོད་པའི་རྫས་སུ་བསྙེན་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཡོ་བྱད་རྫས་ལ་བསྙེན་པ་ཞེས་བྱ་སྟེ། ཡི་དམ་གྱི་ལྷ་ཚོགས་ལ་འབུལ་རྒྱུའི་མཆོད་རྫས་གང་དགོས་བསགས་ཅིང་འབུལ་བའི་དོན་ཏེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། རྣམ་ལྔ་རྣམ་བརྒྱད་ཞལ་ཟས་ཚོགས། གནས་སྐབས་མཆོད་པའི་རྫས་སུ་བསྙེན། ཞེས་པས། རང་རྒྱུད་ལ་ཚོགས་བསག་གི་ཆེད་དུ་གཞུང་རང་རང་གི་སྒོ་དང་མཐུན་པའི་མཆོད་པ་རྣམ་ལྔ་དང་རྣམ་བརྒྱད་ཚོགས་བཅས་ཀྱི་མཆོད་རྫས་རྣམས་མ་ཚང་བ་མེད་པར་བསགས་ཅིང་ཡི་དམ་གྱི་ལྷ་ཚོགས་ལ་འབུལ་བའི་དོན་ནོ། །དེ་ལ་ཡང་གསང་བའི་རྫས་སུ་བསྙེན་པ་ཞེས་བྱ་བ་ནི། ལོག་ལྟ་ཅན་དང་གསང་སྔགས་ཀྱི་བོན་སྡེ་འདིའི་དབང་ལུང་མེད་པའི་སྐྱེ་བོ་རྣམས་ལ་མི་སྨྲ་མི་སྟོན་པར་གསང་ནས་སྤྱད་དགོས་པའི་དོན་ཡིན་ནོ། །
Domain ཆོས་ལུགས།