82365
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྩོད་པའི་སྐབས་ཀྱི་ངག་གི་དབྱེ་བ་ལ། གང་ཟག་དང་། དགོས་པ་དང་། བརྗོད་ཚུལ་གྱི་སྒོ་ནས་དབྱེ་བའོ། །གང་ཟག་སྒོ་ནས་དབྱེ་བ་ནི། གང་ཟག་གསུམ་ལ་བརྗོད་ཚུལ་དྲུག ། དེའང་རྒོལ་བས་དོན་གྱི་དངོས་པོ་འཇོག་པ་དང་། སྐྱོན་སྤང་གི་ངག་གཉིས་དང་། ཕྱིར་རྒོལ་གྱི་འདོད་པ་འདྲི་བ་དང་། སྐྱོན་བརྗོད་པའི་ངག་གཉིས་དང་། དཔང་པོས་རྗེས་སུ་བརྗོད་པ་དང་། རྣམ་པར་དབྱེ་བའི་ངག་གཉིས་ཏེ་དྲུག་གོ ། དགོས་པའི་སྒོ་ནས་དབྱེ་ན། སྒྲུབ་པ་དང་སུན་འབྱིན་པའི་ངག་གོ ། བརྗོད་ཚུལ་གྱི་སྒོ་ནས། བརྗོད་ཚུལ་ཡང་དག་དང་ལྟར་སྣང་ངོ་། །ཞེས་འཇམ་མགོན་ས་པཎ་གྱི་རིགས་གཏེར་རང་འགྲེལ་ལས་སོ། ། |
| Domain | ཚད་མ། |