82377

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩོད་ལན་རིགས་ལམ་རབ་གསལ་དེ་ཉིད་སྣང་བྱེད་ (1)
Part of speech མིང་ཚིག
Definition མཚན་རྒྱས་པར། གཞན་གྱིས་བརྩད་པའི་ལན་མདོར་བསྡུས་པ་རིགས་ལམ་རབ་གསལ་དེ་ཉིད་སྣང་བྱེད་ཅེས་གསལ། ཀུན་མཁྱེན་མི་ཕམ་རྒྱ་མཚོས་རབ་བྱུང་བཅོ་ལྔ་པའི་ཆུ་མོ་ཡོས་ཀྱི་ཕྱི་ལོ་༡༩༠༣ ལོའི་བོད་ཟླ་བཞི་པའི་ཚེས་ལྔ་ནས་མགོ་བཟུང་ཞིང་། ལོ་དེའི་ཟླ་བ་ལྔ་པའི་ཚེས་བརྒྱད་ཀྱི་རེས་གཟའ་ཕུར་བུ་ལ་གྲུབ་པར་བགྱིས་པ། དཔའ་རིས་པ་བློ་བཟང་རབ་གསལ་ཞུ་བ་ལ་རྩོད་ལན་དུ་བྲིས་པའི་གཞུང་ཞིག་སྟེ། དེ་ཡང་ཀུན་མཁྱེན་མི་ཕམ་རྒྱ་མཚོ་རང་ཉིད་ཀྱིས་མཛད་པའི་ཤེས་རབ་ལེའུའི་འགྲེལ་བ་༼ཤེས་རབ་ཀྱི་ལེའུའི་ཚིག་དོན་གོ་སླ་བར་རྣམ་པར་བཤད་པ་ནོར་བུ་ཀེ་ཏ་ཀ༽་ཞེས་བྱ་བ་ཞིག་ཡོད་པ་དེ་ལ། ཕྱིས་སུ་གྲུབ་མཐའ་སོ་སོའི་རང་ལུགས་དང་མི་འཐད་པ་མཐོང་བ་གཙོ་བོ་བྱས་ཏེ་སྔ་ཕྱིར་རྩོད་ཡིག་ལྷ་ལྡན་ཕྱོགས་ནས་ལན་གཉིས་དང་། བྱང་ཁ་ནས་གཅིག་བཅས་འབྱོར་ཡང་དེ་དག་ནི་ལུང་ཙམ་གཙོ་བོར་བྱས་ཤིང་རིགས་པ་ལྟར་སྣང་ཙམ་ལས་གོ་རྒྱུ་ཆེན་པོ་མེད་པར་སྣང་མེད་དུ་བཞག་ཅེས་གསལ། དེ་རྗེས་མེ་བྱ་ཕྱི་ལོ་༡༨༩༧ ཙམ་དུ་དགེ་ལྡན་པའི་ཕྱོགས་ཀྱི་མཁས་པ་བློ་བཟང་རབ་གསལ་ཞུ་བ་ཁོང་གིས་ཤེར་འགྲེལ་ཀེ་ཏ་ཀའི་ཚིག་དང་དོན་ལ་དགག་པ་བརྗོད་པ་འཇམ་དབྱངས་དགོངས་རྒྱན་རིགས་པའི་གཟི་འབར་གདོང་ལྔའི་སྒྲ་དབྱངས་ཞེས་པ་ཞིག་བརྩམས་ཏེ་བསྐུར་བ་དང་། རབ་བྱུང་བཅོ་ལྔ་པའི་ཆུ་སྟག་ཕྱི་ལོ་༡༩༠༢ ལོའི་བོད་ཟླ་༡༢ པའི་ནང་འབྱོར་ཞིང་། རྩོད་ཡིག་དེ་རིགས་པས་དཔྱད་པ་བྱས་ཏེ་གཞན་གྱི་ཡོན་ཏན་ཆེ་ཆུང་ལ་དྲོད་ཉུལ་བ་ཙམ་དུ་མ་ཟད། དེ་ལ་ལན་ཞིག་བྲིས་ན་གྲུབ་མཐའི་ཆགས་སྡང་སོགས་ཀྱི་རྐྱེན་དུ་ཡང་མི་འགྱུར་བར་གཟིགས་ནས་ཉམས་མཚར་གྱི་ཚུལ་དུ་དབུ་མའི་ལྟ་གྲུབ་སྐོར་ལ་རྩོད་པའི་ལན་དུ་བྲིས་པ་ཞིག་གོ །