82411
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། བྱང་ཆུབ་སེམས་ཀྱི་གནས་སྐབས་བཅུའི་ཡ་གྱལ་ཞིག་སྟེ། འདུན་པ་གཡོ་བའི་རྒྱུ་ལ་བརྟེན་ནས་རྩོལ་བ་དྲག་པོས་བཙལ་ཞིང་ཡུལ་གསང་སྔགས་ལ་སྦྱོར་ཏེ་གྲུབ་པ་དང་རྟོགས་པར་འདོད་པས་རྩོལ་བ་སྦྱོར་བའི་གནས་སྐབས་ཞེས་བྱ། འདིའི་སྐབས་སུ་ཚོགས་ལམ་ས་གཉིས་པ་བརྟེན་པ་གཞིའི་སར་དཔེ་མུན་པའི་སྤྲིན་རུམ་གསེབ་ནས་སྐར་མ་འབྲིང་པོ་སྣང་བ་ལྟ་བུར་ཆོས་ཉིད་ཀྱི་དོན་རྟོགས་པའི་སྨོན་པ་བྱང་ཆུབ་ཀྱི་སེམས་སོགས་ཐོབ་པར་གསུངས་སོ། ། |
| Domain | ཆོས་ལུགས། |