82412
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། རྩོལ་བཅས་སྟེང་སྒོ་བསྒོམ་པའི་ཏིང་ངེ་འཛིན་ནི། མཚན་བཅས་རྫོགས་རིམ་གྱི་ཏིང་ངེ་འཛིན་གྱི་རྣམ་གྲངས་སུ་གསུངས་ཏེ། རྒྱུད་ཀྱི་ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་ལས། རྫོགས་རིམ་ལ་མཚན་བཅས་དང་མཚན་མེད་གཉིས་སོ། །མཚན་བཅས་ལ་རྩོལ་བཅས་སྟེང་སྒོ་བསྒོམ་པའི་ཏིང་ངེ་འཛིན་དང་། རྩོལ་མེད་འོག་སྒོ་བསྒོམ་པའི་ཏིང་ངེ་འཛིན་ནོ། །ཞེས་གསུངས་སོ། ། |
| Domain | ཆོས་ལུགས། |