82419

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩོལ་སྒྲ་རྟག་སྟོང་དུ་རྟོགས་པའི་རྗེས་དཔག་ (1)
Part of speech མིང་ཚིག
Definition རྩོལ་བ་ལས་བྱུང་བའི་སྒྲ་ལ་རྟག་པས་སྟོང་བའི་ཁྱད་པར་གྱི་གཞི་ཆོས་ཅན་གྱི་ཚུལ་གྱིས་བློ་ཁ་ཕྱོགས་པའི་སྒོ་ནས་དེ་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པའི་ཚད་མ་ཞིག་ལ་ཟེར་བ་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། དེའི་རྒྱུད་ཀྱི་རྩོལ་བྱུང་གི་རྟགས་ཀྱིས་རྩོལ་བྱུང་གི་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་འཇལ་བའི་ཚད་མས། དེ་ལ་བློ་ཁ་ཕྱོགས་ཞིང་དེའི་རྒྱུད་ཀྱི་རྗེས་ཁྱབ་འཇལ་བའི་ཚད་མས་སྒྲོ་འདོགས་ཆོད་པའི་ཕྱིར་ཟེར་ན། རྩ་བར་མ་ཁྱབ་སྟེ། རྩོལ་སྒྲ་རྟག་སྟོང་དུ་རྟོགས་པ་ལ། རྩོལ་སྒྲ་དེ་ལ་རྟག་པས་སྟོང་བའི་ཁྱད་པར་གྱི་གཞི་ཆོས་ཅན་གྱི་ཚུལ་གྱིས་བློ་ཁ་ཕྱོགས་དགོས་པ་ཡིན་གྱི། དེའི་རྒྱུད་ཀྱི་དེ་སྐོར་གྱི་ཚུལ་གསུམ་འཇལ་བའི་ཚད་མས་རྩོལ་སྒྲ་དེ་ལ་རྟག་པས་སྟོང་བའི་ཁྱད་པར་གྱི་གཞིི་ཆོས་ཅན་གྱི་ཚུལ་གྱིས་བློ་ཁ་ཕྱོགས་པ་མ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཚད་མ།