82421

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩོལ་སྒྲུབ་བྱ་མི་དགོས་པར་ཡིད་ཆེས་པ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། སེམས་ཉིད་གསང་བའི་སྙིང་པོའི་དོན་ཇི་བཞིན་རྟོགས་པའི་རྟགས་སུ་ཡིད་ཆེས་པ་བཅུ་གཉིས་གསུངས་པའི་ཡ་གྱལ་ཞིག་སྟེ། བློ་དང་ལྡན་པའི་རྣལ་འབྱོར་པས་མ་རྟོགས་པ་རྟོགས་པར་བྱར་མེད་པར་ཡེ་སངས་རྒྱས་པའི་དོན་དུ་ཆུབ་པས་ན་ཤེས་པ་བྱ་རྩོལ་ཀུན་དང་བྲལ་ཕྱིར། རྩོལ་སྒྲུབ་བྱ་མི་དགོས་པར་ཡིད་ཆེས་སྐྱེས་པའོ། །
Domain ཆོས་ལུགས།