82449

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩྭ་བསེ་རུ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་རམ་པའི་རྩ་བ་འདྲ་ལ་ཨ་ར་འདྲ་བའི་རྩ་ཕྲན་ཡོད་པ་དང༌། གཞི་རྩ་ནས་སྡོང་པོ་ཐད་ཀར་ཡལ་ག་མེད་པ་རྐྱང་པར་མཐོ་གང་ཙམ་ལ་ཚིགས་དབྱིབས་སམ་གཉེར་མ་ཤུ་དག་འདྲ་བ་རིམ་པར་ཡོད་པ། ལོ་མ་རྩེ་རྣོ་བའི་སྨད་ཆས་སྡོང་པོ་བཏུམས་ཤིང་ལོ་མ་ཆེར་མི་མངོན་པ་རིམ་པས་སྐྱེ་བ་བསེ་རུ་དང་འདྲ་བའི་སྒོ་ནས་མིང་དེ་ལྟར་བཏགས་པ་སྟེ། རང་ལྗོངས་སོགས་ཀྱི་སྐམ་ཤས་ཆེ་བའི་རི་མ་ཐང་གི་རྩྭ་གསེབ་ཏུ་སྐྱེ་བ། ལོ་སྡོང་བོད་ཟླ་དྲུག་པ་ཙམ་ལ་བཏུས་ཏེ་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར་བ། ནུས་པ་སྙོམས་པས་དུག་གི་ནད་དང༌། ཁྲག་ཤོར་གཅོད་པར་བྱེད་པ་ཡིན།