82456

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྩྭ་ཝ་ལ་ (1)
Part of speech མིང་ཚིག
Definition ལོ་རེ་བཞི་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྨུག་གྱོང་ཞིང་རྒྱུས་ཕྲན་འདྲ་བ་དང༌། སྡོང་པོ་སོགས་སྤྱིའི་སྐྱེ་ཚུལ་ཟོར་བ་འདྲ་ཞིང་རམ་པའི་སྐྱེ་དབྱིབས་དང་མཚུངས་པ་ལ་དེ་ལས་སྐྱེ་སྟོབས་བཟང་བ་ཕུང་པོར་སྐྱེ་བ། ལོ་མ་ལྗང་སེར་ཅུང་རྩུབ་ཅིང་རལ་གྲིའི་དབྱིབས་འདྲ་བའི་སྨད་ཆས་སྡོང་པོ་བཏུམ་པ་རེ་མོས་སུ་སྐྱེ་བ་དང༌། མེ་ཏོག་ཟིང་སྨུག་མདངས་གསལ་པོ་མེད་པ་སྙེ་དབྱིབས་བང་རིམ་དུ་སྡོང་པོའི་རྩེར་འཆར་བ། རྩ་བ་དང་ལོ་ཡོངས་བསིལ་ལ་དྲི་ཞིམ་ལྡན་པ་ཞིག་ཡིན།