82466
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་ལྔ་པར་འབྲུ་ཚ་སྒང་རིན་ཆེན་གྱིས་འོག་མིན་ཨོ་རྒྱན་དགེ་འདུན་འཕེལ་རྒྱས་གླིང་ཞེས་མཚན་གསོལ། རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་ལོར་རྡོ་འགྱ་སྤྲུལ་སྐུའི་བཀའ་ལྟར་འབྲོག་ཁང་བླ་མ་ཚེ་རིང་བསམ་གྲུབ་དང་། བསྟན་འཛིན་གྱིས་རི་ནུབ་ལྷ་ར་མགོ་དགོན་དང་འབྲོག་ཁང་དགོན་གཉིས་གཅིག་ཏུ་བསྒྱུར། ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གར་འཆམ་དང་། བདུད་འདུལ་ཕུར་པའི་གཏོར་བཟློག ཞི་ཁྲོ་ན་རག་དོང་སྤྲུགས། ཀར་གླིང་ཞི་ཁྲོ་དམྱལ་སྣང་འཆམ་དང་། སྙུང་གནས་ཆ་བཞི། སྒྲུབ་གྲྭར་བླ་གྲྭ་བདུན་རྒྱུན་བཞུགས་ཡོད། དུས་འགྱུར་སྐབས་གཙུག་ལག་ཁང་དང་གྲྭ་ཤག་བཅས་བཤིག་ནས་ས་ཞིང་དུ་བསྒྱུར་ཏེ་ལོ་མང་པོ་ལ་གྲོ་ནས་སོགས་རྨོས་པའི་ཞིང་སར་བསྒྱུར། དེའི་རྗེས་སུ་ སྤྲུལ་སྐུ་རྡོ་ལོ་རིན་པོ་ཆེ་དང་། པདྨ་རྒྱལ་མཚན་གཉིས་ཀྱིས་གཙུག་ལག་ཁང་དང་། མགོན་ཁང་། གཉེར་ཁང་། ཇ་ཁང་། རོལ་ཁང་། གྲྭ་ཤག་ལྔ་བཅུ་བཅས་གསར་བཞེངས་མཛད། |