82503

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫ་གོལ་དགོན་པ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་གཉིས་པའི་མགོ་སྟོད་དུ་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱི་སློབ་མ་རང་དང་རྟོགས་པ་མཉམ་པ་བརྒྱད་ཀྱི་ནང་གསེས་འཇམ་དབྱངས་ཛམ་ཛ་སེ་ཞེས་པའི་སྤུ་འབོར་གད་སྐྱ་རུ་རྗེ་ཐང་པས་ལུང་དུ་བསྟན་པ་ལྟར། ཛ་གོལ་གྱི་དགོན་འདི་བཏབ་ཅིང་། གྲྭ་པ་སུམ་བརྒྱ་ཙམ་བསྐྱང་ལ། ཛམ་སྟོན་དང་སྦས་སྟོན་སོགས་སློབ་མང་དུ་བྱུང་ཞིང་། རིམ་གྱིས་རྫ་གོང་འོག་གཉིས་ཞེས་གདན་ས་གཉིས་མཆེད་འདུག། དཔལ་སྟག་ལུང་པའི་མཆོད་ཁང་དམར་ནག་ཁྲ་གསུམ་གྱི་ཡ་གྱལ་མཆོད་ཁང་ནག་འགྱེད་མ་ཞེས་པ་དེ་ཡང་གདན་ས་འདིར་ཡོད་པར་ཐོས། དུས་འགྱུར་གོད་ཆགས་ཁྲོད་རྩ་གཏོར་ཕོག་ཀྱང་། དེང་སྐབས་བསྐྱར་བཞེངས་ཀྱིས་དགེ་འདུན་པ་བརྒྱ་ལྷག་ཙམ་གྱིས་སྟག་ལུང་པའི་རིང་ལུགས་སྐྱོང་བཞིན་ཡོད་པ་ཡིན་འདུག།