82527
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདི་ནི་ཡི་དམ་རྡོ་རྗེ་ཕག་མོའི་གནས་ཡིན་པས། དེར་བརྟེན་རྡོ་རྗེ་རྣལ་འབྱོར་མའི་སྐུ་གསུངས་ཐུགས་རྟགས། ནང་དུ་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་དང་། རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་བཞུགས། བསྐོར་བ་རེ་ལ་བཛྲ་བཻ་རོ་ཙ་ན་འབུམ་ཕྲག་རེ་ངེས་པར་ཡོད། འགྲོ་མགོན་ཏི་ཤྲཱི་སངས་རྒྱས་རས་ཆེན་སོགས་སྐྱེས་བུ་མང་པོའི་ཞབས་ཀྱིས་བཅགས། གནས་རི་འདི་ཡི་གཤམ་དུ་ཏི་རས་ཀྱི་གདུང་ནུབ་གཅིག་ལ་བཞག་ཅིང་ཕྱིར་ནང་མེར་ཆེན་དུ་གདན་དྲངས། འདི་ཡི་གནས་བཤད་དང་ཕན་ཡོན་ནི་གཏེར་ཆེན་རིན་པོ་ཆེ་འབར་བའི་རྡོ་རྗེའི་གསུངས་ཡིན། ས་གནས་ནང་ཆེན་རྫོང་གི་བྱང་ཕྱོགས་སུ་ཡོད། |