82528

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫ་མེར་ཆེན་ (1)
Part of speech མིང་ཚིག
Definition འདི་ནི་ཡི་དམ་འཁོར་ལོ་སྡོམ་པའི་གནས་ཡིན། རྩེ་མོར་འབའ་རོམ་བཀའ་བརྒྱུད་ཀྱི་གྲུབ་ཆེན་རས་པ་བཅུ་གསུམ་གྱི་བཞུགས་གནས་གཡའ་ཁང་། ཕྱོགས་བཞིར་སློབ་འབངས་རས་པ་མང་པོའི་སྒྲུབ་དཀྱིལ་གཡའ་ཁང་བརྒྱ་རྩ། ལྷོར་ཕྱིས་བྱོན་འབྲོང་པ་བན་ཐུང་གི་བཞུགས་ཁང་། རྩེ་མོར་ཡི་གེ་འབྲུ་གསུམ་ཨཱ་ལི་ཀཱ་ལི་འཐོར་ཐབས་དང་དཔལ་འཁོར་ལོ་སྡོམ་པའི་སྐུ་རང་བྱོན། མཁའ་སྤྱོད་གནས་བརྒྱད་ཀྱི་ཆགས་ཚུལ། དཔའ་བོ་ཉི་ཤུ་རྩ་བཞིའི་སྐུ་དང་། སྲོག་སྔགས་སོ་སོའི་བསྙེན་པ་ཕྱག་མཚན་སྣ་ཚོགས་གྲངས་མེད་པ། གཞན་ཡང་རུས་བརྒྱན་གདུབ་བུ། དར་ཆས་མི་མགོ་ཚང་སྐུད་ཐོད་ཁྲག་གྲི་གུག་སོགས་ཞི་ཆས་དང་ཁྲོ་ཆས་གྲངས་མེད་བཞུགས་པར་མ་ཟད་ནང་ཁོངས་སུ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་ཚད་ལས་འདས་པའི་ནང་དུ་དཔལ་འཁོར་ལོ་སྡོམ་པ་ཐུགས་གསུང་སྐུའི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་མ་འདྲེས་ཡོངས་རྫོགས་སུ་བཞུགས། འགྲོ་མགོན་ཏི་རས་ཀྱི་གདུང་འབུམ་དང་མེར་ཆེ་ཆུང་བཅས་ཚང་མ་མཉམ་དུ་བསྐོར་ན་ཚེ་རབས་དཔག་མེད་ཀྱི་སྒྲིབ་པ་བྱང་ཞིང་སྤང་རྟོགས་ཀྱི་ཡོན་ཏན་གོང་འཕེལ་དུ་འགྱུར་བ་མ་ཟད། མེར་ཆེན་དང་གདུང་འབུམ་བཅས་བསྐོར་བའི་ཕན་ཡོན། ཡིག་བདུན་འབུམ་བཅུ་གསུམ་རེའི་ཕན་ཡོན་ཡོད། གཞན་ཡང་འགྲོ་མགོན་ཏི་ཤྲཱི་སངས་རྒྱས་རས་ཆེན་དང་སྤྱན་སྔ་རས་དཀར་བ་གསང་བ་ལུས་མེད་རྡོ་རྗེ་སྒོམ་སྡེ་རི་དགོན་བཅོ་བརྒྱད་སོགས་ཚང་མས་ཞབས་ཀྱི་བཅགས་ཤིང་བྱིན་གྱིས་བརླབས། ད་ལྟ་ཡང་རི་རྩེར་འབའ་རོམ་འཕུར་ཤེས་བཅུ་གསུམ་གྱི་རྫ་དཀྱིལ་དང་རས་དཀར་བས་སྟོན་པའི་གཏེར་ཆུ་ཁོང་གི་ཆོས་ཁྲི་བཅས་མ་ཉམས་པར་མཇལ་དུ་ཡོད། གནས་འདིར་འབྲེལ་བ་ཐོག་ཚད་སྐྱེ་རིས་བདུན་ལ་ངན་སོང་དུ་མི་སྐྱེ་བ་དང་ས་གཞན་དུ་ཟླ་གཅིག་སྒོམ་པ་བས་གནས་འདིར་ཞག་གཅིག་འགྱུར་བསྐྱེད་ཆེ་བར་གསུངས་སོ། །འདི་ཡི་གནས་བཤད་དང་ཕན་ཡོན་ནི་གཏེར་ཆེན་རིན་པོ་ཆེ་འབར་བའི་རྡོ་རྗེའི་གསུངས་ཡིན། ས་གནས་ནང་ཆེན་རྫོང་གི་བྱང་ཕྱོགས་སུ་ཡོད།

{{#arraymap:རྫ་མེར་ཆེན་

|; |@@@ | | }}