8256

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནུབས་ལབ་ཤི་དཔལ་གྱི་དབང་ཕྱུག་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་པའི་སྨད་དུ་མདོ་སྨད་ཡུལ་དུ་འཁྲུངས། ཐོག་མར་ཅིག་ཅར་འཇུག་པའི་རྣལ་འབྱོར་པ་ཞེས་བྱ་བ་དགེ་བའི་ཕྱོགས་ཅི་ཡང་མི་བྱེད་པའི་ལོག་རྟོག་གི་ལྟ་བ་འཛིན་མཁན་ཞིག་ཡིན་ཡང་། དེའུ་ཚྭའི་མཚོ་རྒྱུད་རྨ་ལུང་རྡོ་རྗེའི་བྲག་དན་ཏིག་ཤེལ་གྱི་ཡང་དགོན་དུ་བཞུགས་པའི་བླ་ཆེན་དགོངས་པ་རབ་གསལ་གྱི་མཚན་སྙན་གསན། དན་ཤིག་ཤེལ་གྱི་ཡང་དགོན་དུ་བྱོན། བླ་ཆེན་དགོངས་པ་རབ་གསལ་ལས་འདུལ་བ་གསན་པས། སྔར་ཀྱི་ཅིག་ཅར་འཇུག་པའི་སྤྱོད་ལམ་དེ་ལྟ་བུར་ངོ་གནོང་། སེམས་འགྱོད་ནས་བླ་ཆེན་དགོངས་པ་རབ་གསལ་གྱི་དྲུང་དུ་རབ་བྱུང་བསྒྲུབས། འདུལ་བསྟན་མདོ་ཁམས་སྨད་ནས་དར་བར་མཛད་རྗེས་ཆེན་པོ་ཞིག་བཞག བླ་ཆེན་དགོངས་པ་རབ་གསལ་གྱི་གྲགས་ཆེ་བའི་སློབ་མ་བཅུའི་ཡ་གྱལ་ཞིག་ཡིན།