8257

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནུབས་སངས་རྒྱས་ཡེ་ཤེེས་ (1)
Part of speech མིང་ཚིག
Definition དུས་རབས་བརྒྱད་པའི་སྟོད་དུ་ཡབ་གནུབས་རིགས་གསལ་བའི་དབང་ཕྱུག་དང་། ཡུམ་མཆིམས་མོ་བཀྲ་ཤིས་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། བརྒྱ་དང་སུམ་ཅུར་བཞུགས། བྱིས་དུས་ཀྱི་མཚན་ལ་རྡོ་རྗེ་ཁྲི་གཙུག་ཅེས་ཞུ། བདུན་པར་འོ་བྲན་དཔལ་གྱི་གཞོན་ནུ་ལས་ཡི་གེའི་འབྲི་ཀློག་སྦྱངས། བལ་པོ། རྒྱ་གར། བྲུ་ཤའི་མཁས་པ་མང་པོ་བསྟེན་ཅིང༌། འདི་ལ་མདོ་སྒྱུ་སེམས་གསུམ་གྱི་བཀའ་ཐམས་ཅད་གཅིག་ཏུ་བབས་པ་ཡིན་པར་གྲགས། འདི་དང་སོ་ཡེ་ཤེས་དབང་ཕྱུག ཟུར་ཤཱཀྱ་འབྱུང་གནས་བཅས་ལ་སོ་ཟུར་གནུབས་གསུམ་ཞུ་ཞིང༌། གསང་སྔགས་སྔ་འགྱུར་བཀའ་མའི་བརྒྱུད་པའི་ཆུ་འགོ་རྙིང་མའི་སློབ་དཔོན་ཆེན་པོ་གསུམ་གྱི་ཡ་གྱལ་ཡིན། མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་། བཀའ་ཆོས་ཀྱང་མང་དུ་གསན། སློབ་དཔོན་པདྨ་འབྱུང་གནས་ལས་དབང་དང་གདམས་ངག་མང་དུ་གསན། སྒྲགས་ཡངས་རྫོང་དུ་སྒྲུབ་པ་ཉམས་ལེན་ལ་བརྩོན་པས་གྲུབ་པ་བརྙེས། གྲུབ་མཐའི་ཤེལ་གྱི་མེ་ལོང་ལས། སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་བུ་འདེབས། ཞེས་གསུངས། རྒྱ་གར་དང་བལ་ཡུལ་སོགས་སུ་ལན་བདུན་ཙམ་ཕེབས། དམ་ཆོས་མང་པོའི་བཀའ་ལུང་ཞུས། སྔར་འགྱུར་གྱི་བསྟན་པ་བར་མ་བཀས་བབས་པས། མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་དར་ཞིང་རྒྱས་པར་མཛད། གྲུབ་ཐོབ་རྗེ་དང་འབངས་ཉེར་ལྔའི་ནང་གི་ཡ་གྱལ་ཞིག་ཡིན། སློབ་མ་གྲགས་ཆེ་བ་ནི་ཁུ་ལུང་ཡོན་ཏན་རྒྱ་མཚོ་དང་། སོ་ཡེ་ཤེས་དབང་ཕྱུག པ་གོར་བློན་ཆེན་འཕགས། ངན་ཡོན་ཏན་མཆོག སྲུ་ལེགས་པའི་སྒྲོན་མ་བཅས་ཡིན།

{{#arraymap:གནུབས་སངས་རྒྱས་ཡེ་ཤེེས་

|; |@@@ | | }}