82572

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫས་ (1)
Part of speech མིང་ཚིག
Definition མི་རྣམས་ཀྱི་སེམས་ལ་རག་མ་ལས་པར་གནས་པའི་རང་བྱུང་ཁམས་ཀྱི་དངོས་པོ།
Example དངོས་རྫས། རྡུལ་རྫས། མེ་རྫས་ཞེས་པ་ལྟ་བུ།
རྫས་ (2)
Part of speech མིང་ཚིག
Definition རྫས་སྦྱོར་བྱེད་པར་མཁོ་བའི་དངོས་རྫས་ཁྱད་པར་བ།
Example ཅ་དངོས་འདིའི་ནང་དུ་རྫས་མང་པོ་འདུག་ལྟ་བུ།
རྫས་ (3)
Part of speech མིང་ཚིག
Definition ཀ་ཅའམ་ནོར་རྫས་ཏེ།
Example ཁྱིམ་ཆས་དངོས་རྫས་ལྟ་བུ།
རྫས་ (4)
Part of speech མིང་ཚིག
Definition མེ་འབར་བྱེད་ཀྱི་རྫས།
Example མེ་མདའི་རྫས། འབར་རྫས་ཞེས་པ་ལྟ་བུ།
རྫས་ (5)
Part of speech མིང་ཚིག
Definition སྒྲ་དང་རྟོག་པས་བཏགས་པ་ཙམ་མིན་པར་དོན་དམ་པར་དོན་བྱེད་ནུས་པའམ་སྐྱེས་བུའི་དགོས་དོན་སྒྲུབ་ནུས་པ་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། རྫས་ཀྱི་མཚན་ཉིད། སྐྱེས་བུའི་དགོས་དོན་སྒྲུབ་ནུས། གཟུགས་ལྟ་བུ། ཞེས་གསུངས།
Example གཟུགས་སྒྲ་ལྟ་བུའོ། །