82574
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དབྱར་གྱི་ནང་དུ་རྫས་བགོ་བཤའ་བྱེད་པ་བཀག་པ་དེ་དབྱེ་བར་བྱེད་པས་ན་རྫས་ཀྱི་དགག་དབྱེ་ཞེས་པ་ཡིན་ནོ། །པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། གཉིས་པ་རྫས་ཀྱི་དགག་དབྱེ་ཡོད་དེ། མདོར་རང་གི་རྫས་གང་ཡང་རུང་བ་ཐ་ན་ཁབ་ཙམ་གྱིས་ཀྱང་དགེ་འདུན་ལ་རྫས་ཀྱི་དགག་དབྱེ་བརྩམ་པར་བྱ་སྟེ། དེ་བླངས་ནས་ཚིག་གིས་སོ་ཞེས་རྫས་ཀྱི་དགག་དབྱེ་བྱེད་པར་བསྟན་ཅིང་ཚིག་གིས་སོ་ཞེས་གསུངས་པའི་ཚིག་ཀྱང་། མདོ་འདིའི་འཕྲོ་ཉིད་ལས། བཙུན་པ་རྫས་འདི་ལྟ་བུས་ཀྱང་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་རུང་ངོ་ཞེས་སོ། །ཞེས་གསུངས་པས་བསྟན་པའི་ཕྱིར། མཇུག་ཏུ་ཇི་ལྟར་བྱ་བ་ནི། ཐབས་ལེགས་བརྗོད་པ་དེ་ཡིན་པའི་ཕྱིར། བརྒྱད་པ་དགག་དབྱེ་ཞེས་པའི་སྒྲ་བཤད་ཡོད་དེ། དབྱར་ཚུལ་གྱི་ནང་དུ་དབྱར་རྙེད་བགོས་པ་དང་། ལྟུང་བ་གླེང་དྲན་དང་ནན་ཏུར་གྱི་ལས་རྣམས་བཀག་ནས་སྐབས་དེར་དབྱེ་བའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། ཞེས་གསུངས། |
| Domain | ཆོས་ལུགས། |