82576

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫས་ཀྱི་བདག་པོ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གཞན་གྱིས་བསམ་པ་ཐག་པ་ནས་ཡོ་བྱད་ཅི་རིགས་པ་བསྔོས་པ་ན་གང་ལ་དབང་བའི་ཡུལ་དེ་ལ་རྫས་ཀྱི་བདག་པོ་འཇོག སྤྱིར་རྫས་བདག་དེ་ལ་བཞི་ཡོད་དེ། བསམ་སྦྱོར་གྱི་བདག་པོར་གྱུར་བ་དང་། ཡུལ་ཆོས་ཀྱི་བདག་པོར་གྱུར་པ་དང་། རིགས་རྒྱུད་ཀྱི་བདག་པོར་གྱུར་པ་དང་། སངས་རྒྱས་བཀའ་སྩལ་གྱི་བདག་པོར་གྱུར་པ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཡོ་བྱད་ཅི་རིགས་པ་གཞན་ལ་བསམ་པ་ཐག་པ་ནས་བསྔོས་ན་གང་ལ་བསྔོས་པའི་ཡུལ་དེས་དབང་བ་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། ཤོ་གམ་གཞལ་དགོས་ཀྱི་རྫས་རྣམས་ཤོ་གམ་ལེན་པ་པོ་དབང་བ་ལྟ་བུ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ཕའི་ནོར་བུ་དབང་བ་ལྟ་བུ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། སངས་རྒྱས་དང་ཆོས་མྱང་འདས་ལ་ཕུལ་བ་ནི་དེ་དག་དབང་བས་གཞན་གྱིས་ལོངས་སྤྱད་དུ་མི་རུང་། ལུང་རྟོགས་ཀྱི་ཆོས་ལ་ཕུལ་བ་དེ་དག་འཛིན་པའི་དགེ་འདུན་དབང་། དགེ་འདུན་ལ་ཕུལ་བ་དགེ་འདུན་ཉིད་དབང་བའི་ཕྱིར། ཕྱི་མ་འདིའི་དབང་ཚུལ་ཡོད་དེ། དུས་ཀྱི་རྙེད་པ་དབང་ཚུལ། གློ་བུར་བའི་རྙེད་པ་དབང་ཚུལ། ཤི་བའི་ཡོ་བྱད་ཀྱི་རྙེད་པ་དབང་ཚུལ་རྣམས་སུ་ཡོད་པའི་ཕྱིར། དེའི་དང་པོ་ཡོད་དེ། དབྱར་གྱི་རྙེད་པ་དབྱར་ཁས་བླངས་པ་རྣམས་དབང་བ་དང། སྲ་བརྐྱང་གཏིང་པའི་རྙེད་པ་དེ་གཏིང་བ་ལ་གཏོགས་པ་རྣམས་དབང་བ་ལྟ་བུ་ཡིན་པའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:རྫས་ཀྱི་བདག་པོ་

|; |@@@ | | }}