82581

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫས་ཀྱི་རྟེན་ཅན་དང་རྫས་འཛིན་རྟོག་པའི་ཁྱད་པར་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རྫས་འཛིན་རྟོག་པ་ནི་བདེན་འཛིན་ཡིན་ལ། དེ་ལ་གང་ཟག་གི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་དང། ཆོས་ཀྱི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་གཉིས་ལས། སྔ་མ་ནི་ཉན་ཐོས་ཀྱི་དང། ཕྱི་མ་ཐེག་ཆེན་གྱི་སྤང་བྱའི་རིགས་ཡིན་ལ། (མངོན་རྟོགས་རྒྱན་)སྐབས་དང་པོར་དེ་གཉིས་སོ་སོར་མ་ཕྱེ་བར་རྫས་ཀྱི་རྟེན་ཅན་ཞེས་གསུངས་ལ། སྐབས་(ལྔ་པར་)འདིར་ནི་མདོར་བསྟན་དུ་སྔ་མ་དངོས་སུ་བསྟན་ཏེ། སེམས་ཅན་རྫས་དང་བཏགས་ཡོད་པར། །རྣམ་རྟོག་འཛིན་པ་དག་ཏུ་འདོད། །ཅེས་གསུངས་པའི་ཕྱིར་རོ། །རྒྱས་བཤད་དུ་ཕྱི་མ་དངོས་སུ་བསྟན་ཏེ། དེའི་ཡུལ་དེ་ལ་འཛིན་འདོར་སོགས་ཆོས་དགུར་ཕྱེ་ནས་གསུངས་པའི་ཕྱིར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་ཟབ་མོ་ལས་སོ། །
Domain ཆོས་ལུགས།