82601
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། ཕར་ཕྱིན། རྫས་བཏགས་ཀྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྟོག་པ། གཟུགས་ཕྱི་རོལ་དོན་དུ་འཛིན་པའི་བློ། གཟུགས་བདེན་གྲུབ་ཏུ་འཛིན་པའི་བློ་རྣམས་འདིར་བསྟན་རྫས་འཛིན་དང༌། གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ། གཟུགས་ཕྱི་རོལ་དོན་གྱིས་སྟོང་པར་རྟོགས་པའི་ལྟ་བ། བདེན་སྟོང་རྟོགས་པའི་ལྟ་བ་རྣམས་འདིར་བསྟན་བཏགས་འཛིན་ཡིན་ཅིང༌། སོ་སོ་སྐྱེ་བོ་འཕགས་དབྱེ་བས། །ཞེས་སོགས་ཀྱིས་འདིར་བསྟན་རྫས་འཛིན་སོ་སྐྱེའི་རྟེན་ཅན་དང༌། འདིར་བསྟན་བཏགས་འཛིན་འཕགས་པའི་རྟེན་ཅན་དུ་གསུངས་པ་ཡང་དང་པོ་སོ་སྐྱེ་ལ་གཙོ་ཆེ་ཞིང༌། ཕྱི་མ་སྐྱེ་འཕགས་གཉིས་ཀྱི་ནང་ནས་འཕགས་པ་ལ་གཙོ་ཆེ་བ་ལ་དགོངས་པ་ཡིན་ནོ། ། |
| Domain | ཆོས་ལུགས། |