82602
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། སྲིན་བལ་སོགས་པའི་རྒྱུ་རིན་ཐང་ཅན་ལས་གྲུབ་པའི་སྟན། དེ་ཡང་པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། དེའི་ཞར་བྱུང་རྫས་བཀག་པ་བས་བཟང་པོ་ལ་ཡང་དེ་དང་ལྡན་པ་ཉིད་ཡིན་ནོ། །འདྲ་བ་ལ་ཡང་ངོ་ཞེས་པའི་མདོ་དོན་བཤད་དུ་ཡོད་དེ། སྲིན་བལ་ལ་སོགས་པའི་རྫས་བཟང་པོ་ལ་སྟན་བྱེད་ན་ལྟུང་བར་འགྱུར་ཞེས་སྔར་བཀག་པ་དེ་བས་བཟང་པོ་མོན་དར་ལ་སྟན་བྱེད་པ་ཡང་བཀག་པ་དེ་དང་ལྡན་པ་ཉིད་ཡིན་ཞེས་པའི་དོན་ཡིན་པའི་ཕྱིར། སྲིན་བལ་དང་འདྲ་བར་དུ་གུ་ལའི་བལ་ལ་སྟན་བྱེད་ན་ཡང་ངོ་སྟེ་སྤང་ལྟུང་དུ་འགྱུར་ཞེས་པའི་དོན་ཡིན་པའི་ཕྱིར་དང་། ཡང་རྫས་བཀག་པ་ཞེས་སོགས་ཀྱི་མདོ་འདི་སྡེ་ལྔ་ཀ་ལ་སྦྱར་བར་བྱ་སྟེ། རྒྱལ་པོའི་བཙུན་མོ་རིན་པོ་ཆེ་ལ་མི་ཚངས་པར་སྤྱད་ན་ཕམ་པར་འགྱུར་བ་དང་། དེ་བཞིན་ནོར་བུ་རིན་པོ་ཆེ་རྐུས་པ་དང་། མི་མཚན་དཔེས་བརྒྱན་པ་གསད་པ་དང་། ང་ནི་སངས་རྒྱས་སོ་ཞེས་རྫུན་སྨྲས་ན་ཕམ་པར་འགྱུར་བས་སོ། །ཁོ་ན་རེ། བཙུན་མོ་རིན་པོ་ཆེ་ལ་མི་ཚངས་པར་སྤྱད་པས་ཕམ་པར་འགྱུར་བ་འདིར་བསྟན་མི་དགོས་པར་ཐལ། བུད་མེད་ལ་མི་ཚངས་པར་སྤྱད་པས་ཕམ་པར་འགྱུར་བ་བསྟན་ཟིན་ཅིང་། བཙུན་མོ་ཡང་བུད་མེད་ལས་མ་འདས་པའི་ཕྱིར། ཞེ་ན། འོ་ན། འདུལ་བྱེད་དུ། སྔགས་ཀྱིས་ཆུད་གཟན་པ་སྦོམ་པོར་འཆད་མི་རིགས་པར་ཐལ། རྣམ་འབྱེད་དུ། ཆུད་གཟན་པ་སྦོམ་པོར་བཤད་ཟིན་ཅིང་། སྔགས་ཀྱིས་ཆུད་གཟན་པ་ལས་མ་འདས་པའི་ཕྱིར། མཚུངས་སོ། །དེ་བཞིན་དུ་ལྷའི་རིན་པོ་ཆེ་ལ་རེག་པས་ཀྱང་ལྟུང་བྱེད་དུ་འགྱུར་ལ། ཞུ་བར། ཉེས་བྱས་སུ་བཤད་པ་ནི་ལྷའི་གནས་སུ་དུས་དྲན་མ་བྱས་པར་རེག་པ་ལ་དགོངས་པས་མི་འགལ་ལོ། །ཞེས་གསུངས། |
| Domain | ཆོས་ལུགས། |