82605

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫས་བརྗོད་པ་ཐོག་མའི་གསལ་བྱེད་ (1)
Part of speech མིང་ཚིག
Definition གསལ་བྱེད་ཀྱི་རྒྱན་གྱི་ནང་གསེས་བཞི་པ་སྟེ། དངོས་པོ་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅན་གྱི་རྫས་བརྗོད་པའི་ཚིག་ཐོག་མར་ཡོད་པ་དེས། ཚིག་རྐང་ལྷག་མ་རྣམས་ཀྱི་བརྗོད་དོན་གསལ་བར་བྱེད་པ་ཞིག་ཡིན།
Example བོད་མཁས་པས། ཆུ་བོའི་གཏེར་འདི་རླབས་ཀྱི་ཕྲེང་བ་མང་། །དུས་ལས་ཡོལ་བ་མེད་པར་འཕེན་ཞིང་དེ། ། རིང་ནས་རྣ་བའི་གྲགས་འབར་དོན་མཐུན་ཚོགས། །རེ་བ་སྙིང་ལ་བཀོད་དེ་འཇུག་པའི་གནས། །ཞེས་པ་ལྟ་བུའོ། །
Domain རྩོམ་རིག