82617
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཤེས་རབ་ཀྱི་ཕ་རོལ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་སྤྱི་དོན་ལས་བྱུང་བ་སྟེ། ༡ སྐྱོན་ཡོན་འདོར་འཛིན་གྱི་གཉེན་པོ་ནི། ཡུམ་གྱིས་གཟུགས་སོགས་མི་འཛིན་མི་འདོར་བ་སྐྱོན་ཡོན་འཛིན་འདོར་གྱི་གཉེན་པོའོ། །༢ བདེན་པ་ཡིད་བྱེད་ཀྱི་གཉེན་པོ་ནི། གཟུགས་སོགས་ཡིད་ལ་མི་བྱེད་པས་དགེ་རྩ་འཕེལ་ཕྱིན་དྲུག་རྫོགས་རྣམ་མཁྱེན་ཐོབ་སྟེ་སངས་རྒྱས་ཀྱི་རྒྱུ་ཡིན་པའི་ཕྱིར་ཞེས་པ་བདེན་པ་ཡིད་བྱེད་གྱི་གཉེན་པོའོ། །༣ སྤང་གཉེན་གཉིས་ཀའི་གཉེན་པོ་ནི། ཡིད་ལ་བྱེད་མི་བྱེད་གཉིས་ཀ་ཁམས་གསུམ་གྱི་རྒྱུ་ཡིན་མིན་དུ་གསུངས་པ་ཁམས་གསུམ་དང་འབྲེལ་བའི་སྤང་གཉེན་གཉིས་ཀའི་གཉེན་པོའོ། །༤ གནས་པའི་གཉེན་པོ་ནི། ཡིད་ལ་མི་བྱེད་པར་སྤྱོད་པ་ཆོས་ཐམས་ཅད་ལ་མི་གནས་པ་ཉིད་ཞེན་ནས་གནས་པའི་གཉེན་པོའོ། ། ༥ མངོན་ཞེན་གྱི་གཉེན་པོ་ནི། དེའི་འཐད་པར་ཆགས་པར་བྱ་བ་མེད་པས་མངོན་པར་ཆགས་པ་མེད་པ་མངོན་ཞེན་གྱི་གཉེན་པོའོ། །༦ ཆོས་ཀྱི་དངོས་པོ་བཏགས་པར་འཛིན་པའི་གཉེན་པོ་ནི། ཆགས་པ་མེད་པ་ཉིད་དུ་ཡིད་ལ་བྱེད་པ་དང་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མ་བཟུང་བ་ཉིད་དུ་སངས་རྒྱས་ནས་བཤད་དོ་སྙམ་ནའང་ཡུལ་ལས་རིང་ཞིང་ཉམས་པ་ཡིན་ཏེ། དེས་ཆོས་གང་ཡང་སངས་རྒྱས་པའམ་བསྟན་ཅིང་བཏགས་པ་མེད་པ་ཆོས་ཀྱི་དངོས་པོ་བཏགས་པར་འཛིན་པའི་གཉེན་པོའོ། །༧ ཕྱིན་དྲུག་ལ་ཆགས་པའི་གཉེན་པོ་ནི། མ་བཟུང་བ་ཉིད་དུ་ཆགས་པ་ཡང་ཡུམ་དང་བྲལ་བ་ཡིན་པར་བསྟན་པ་ནི་དེ་ནི་མངོན་པར་ཆགས་པས་མ་བརྗོད་པར་གསུངས་པ་ཕྱིན་དྲུག་ལ་ཆགས་པའི་གཉེན་པོའོ། །༨ དམིགས་པ་མཉམ་པ་གཉེན་པོར་འཛིན་པའི་གཉེན་པོ་ནི། ཕར་ཕྱིན་སོགས་གཉེན་པོ་རྣམས་དེ་དག་དང་མ་བྲལ་བས་གཉེན་པོ་དང་དེའི་དམིགས་པ་མཉམ་པ་གཉེན་པོར་འཛིན་པའི་གཉེན་པོའོ། །༩ ཇི་ལྟར་འདོད་བཞིན་གྱི་འགྲོ་ཉམས་ཀྱི་གཉེན་པོ་ནི། འཁོར་སྒྱུར་གྱི་དཔུང་ཚོགས་རྣམས་དེ་གར་འདོད་པར་འགྲོ་བའི་དཔེས་ལྔ་པོ་ཡུམ་གྱི་རྗེས་སུ་འབྲང་ནས་རྣམ་མཁྱེན་དུ་འགྲོ་བར་གསུངས་པ་ནི་ཇི་ལྟར་འདོད་བཞིན་འགྲོ་ཉམས་ཀྱི་གཉེན་པོའོ། ། |
| Domain | ཆོས་ལུགས། |