From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྫས་འཛིན་རྟོག་པ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། མཚན་ཉིད་ནི། བྱང་སེམས་ལམ་གྱི་སྤང་བྱའི་གཙོ་བོར་གྱུར་པའི་ཤེས་སྒྲིབ་གང་ཞིག ། རང་ཡུལ་འཛིན་པ་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་མངོན་པར་ཞེན་པའི་བློ། དབྱེ་ན། གང་ཟག་གི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་དང་། ཆོས་ཀྱི་དབང་དུ་བྱས་པའི་རྫས་འཛིན་རྟོག་པ་གཉིས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། པཎ་ཆེན་ངག་ཆོས་ཀྱིས། སྐབས་དང་པོའི་དངོས་བསྟན་གྱི་རྫས་འཛིན་རྟོག་པ་དང། ཐེག་ཆེན་གྱི་མཐོང་སྤངས་རྫས་འཛིན་རྟོག་པ་དང། ཐེག་ཆེན་གྱི་མཐོང་སྤངས་ཉོན་སྒྲིབ་དང། རང་ཡུལ་གང་ཟག་དང་ཆོས་གང་རུང་རྫས་ཡོད་ལ་དམིགས་ནས་འཛིན་པ་པོར་མངོན་པར་ཞེན་པའི་ཐེག་ཆེན་གྱིི་མཐོང་སྤངས་རྣམས་དོན་གཅིག ། ཞེས་ཤེར་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། །
|
| Domain
|
ཆོས་ལུགས།
|
རྫས་འཛིན་རྟོག་པ་ (2)
| Part of speech
|
མིང་ཚིག
|
| Definition
|
རྫས་འཛིན་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་རིགས་སུ་གནས་པའི་རིག་པ། རྫས་འཛིན་རྟོག་པའི་མཚན་ཉིད་ཡིན། སོ་སོར་ཡུལ་གྱི་སྒོ་ནས་དགུ་དགུ་ཡོད། འོ་ན་རྫས་འཛིན་དང༌། བཏགས་འཛིན་ཇི་ལྟ་བུ་ཞེ་ན། གང་ཟག་དོན་བྱེད་ནུས་པར་འཛིན་པ་དང༌། རང་སྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་རྫས་འཛིན། གང་ཟག་བཏགས་ཡོད་དུ་འཛིན་པ་དང༌། བདེན་སྟོང་སྒྱུ་མ་ལྟ་བུར་འཛིན་པ་ནི་བཏགས་འཛིན་ཡིན་ནོ། །རྫས་འཛིན་སོ་སྐྱེའི་རྟེན་ཅན་དང༌། བཏགས་འཛིན་འཕགས་པའི་རྟེན་ཅན་ཡིན་ནོ།།
|