82631
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། བྱེ་བྲག་སྨྲ་བ། རྫས་ཆ་མེད་པའི་རྡུལ་ཏེ་རྡུལ་ཕྲ་རབ་དང་ཁྱད་པར་མེད་དེ། རྒྱལ་དབང་མཛོད་ལས། སྤྱིར་བཏང་ལ་ཡང་རྡུལ་ཕྲ་རབ་ཅེས་པ་རྫས་རྡུལ་ཉིད་ལ་བསམ་དགོས་ཏེ། བསགས་རྡུལ་ཕྲ་རབ་ནི་རགས་པ་གཞན་ལ་ལྟོས་ནས་ཕྲ་རབ་ཏུ་བཏགས་པ་ལས་ཕྲ་རབ་དངོས་མིན་ཏེ། དེ་ལས་ཕྲ་བ་ཡོད་པའི་ཕྱིར་དང༌། ཞེས་གསུངས། དོན་གཅིག་ལ། རྫས་རྡུལ། རྡུལ་རྫས། རྫས་རྡུལ་ཕྲ་རབ། ཆ་མེད་ཀྱི་རྡུལ། རྡུལ་ཕྲ་རབ། གཟུགས་ཀྱི་ཆུང་མཐའ་རྣམས་སོ། ། |
| Domain | ཆོས་ལུགས། |