82634

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་སྐྱེ་བ་བདུན་ (1)
Part of speech མིང་ཚིག
Definition ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་ཉེ་བར་མཁོ་བའི་མཛོད་གནས་བཞི་པ་ལས་བྱུང་བ་སྟེ། ༡ དེ་བཞིན་གཤེགས་པའམ་ཉན་ཐོས་དགེ་འདུན་གྲོང་རང་ཞིང་གཞན་དག་ན་བརྟེན་ཅིང་བཞུགས་པ་ཐོས་ན་དགེ་བ་ཡང་དག་པར་སྡུད་པར་བྱེད་པའི་དགའ་བ་དང་དང་བ་རབ་ཏུ་འཐོབ་པ། ༢ དེ་བཞིན་གཤེགས་པའམ་ཉན་ཐོས་དགེ་འདུན་འདིར་འོང་བ་ཐོས་ན་དགེ་བ་ཡང་དག་པར་སྡུད་པར་བྱེད་པའི་དགའ་བ་དང་དང་བ་རབ་ཏུ་འཐོབ་པ། ༣ དེ་བཞིན་གཤེགས་པའམ་ཉན་ཐོས་དགེ་འདུན་དེ་ཉིད་ལམ་དུ་ཞུགས་པ་ཐོས་ན་དགེ་བ་ཡང་དག་པར་སྡུད་པར་བྱེད་པའི་དགའ་བ་དང་དང་བ་རབ་ཏུ་འཐོབ་པ། ༤ དེ་བཞིན་གཤེགས་པའམ་ཉན་ཐོས་དགེ་འདུན་དེ་ཉིད་གྲོང་ངམ་ཞིང་ཆེ་གེ་མོ་ཞིག་ཏུ་གཤེགས་ནས་བཞུགས་སོ་ཞེས་ཐོས་ན་དགེ་བ་ཡང་དག་པར་སྡུད་པར་བྱེད་པའི་དགའ་བ་དང་དང་བ་རབ་ཏུ་འཐོབ་པ། ༥ དེ་བཞིན་གཤེགས་པའམ་ཉན་ཐོས་དགེ་འདུན་དེ་ཉིད་ལྟ་བའི་ཕྱིར་འགྲོ་ཞིང་མཐོང་ནས་དགེ་བ་ཡང་དག་པར་སྡུད་པར་བྱེད་པའི་དགའ་བ་དང་དང་བ་རབ་ཏུ་འཐོབ་པ། ༦ དེ་བཞིན་གཤེགས་པའམ་ཉན་ཐོས་དགེ་འདུན་ལས་ཆོས་ཉན་ནས་ཐར་པ་དགེ་བ་ཡང་དག་པར་སྡུད་པར་བྱེད་པའི་དགའ་བ་དང་དང་བ་རབ་ཏུ་འཐོབ་པ། ༧ དེ་བཞིན་གཤེགས་པའམ་ཉན་ཐོས་དགེ་འདུན་དེ་ཉིད་ལས་ཆོས་ཐོས་ནས་སངས་རྒྱས་ལ་སྐྱབས་སུ་འགྲོ། ཆོས་ལ་སྐྱབས་སུ་འགྲོ། དགེ་འདུན་ལ་སྐྱབས་སུ་འགྲོ་ཞིང་བསླབ་པའི་གནས་ཡང་དག་པར་འཛིན་པའོ། །
Domain ཆོས་ལུགས།