82648

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫི་ (1)
Part of speech བྱ་ཚིག
Definition དངོས་རྫས་ལ་ཆུ་དང་བརླན་གཤེར་གྱི་རིགས་བསྲེས་ནས་རྡོག་པོ་བཟོ་བའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བརྫི་།, བརྫི་བྱའི་གྲོ་སླ་མོ་འདུག]
Present [རྫི།, གྲོ་ཟན་རྫི་བཞིན་པའི་ཇ་མ།]
Past [བརྫིས།, ཕྱེ་བརྫིས་ནས་ཀོར་བ་བཟོས།]
Imperative [རྫིས།, གྲོ་རྫིས་ཤིག་ལྟ་བུ།]
རྫི་ (2)
Part of speech བྱ་ཚིག
Definition རྡོག་པས་མར་མནན་པའི་དོན།
Keyword True
Future [བརྫི་།, དགྲ་མགོ་རྡོག་པས་བརྫི་དགོས།]
Present [རྫི།, རྡོག་པས་རྫི་བཞིན་པའི་དངོས་པོ།]
Past [བརྫིས།, མེ་ཏོག་རྡོག་པས་བརྫིས་ནས་བརླགས་སོང་།]
Imperative [རྫིས།, དགྲ་མགོ་རྡོག་པས་རྫིས་ཤིག་ལྟ་བུ།]
རྫི་ (1)
Part of speech མིང་ཚིག
Definition རླུང་གི་མིང་སྟེ། ལམ་རིམ་ཆེན་མོའི་བརྡ་དཀྲོལ་ལས། རྫི་ནི་རླུང་གི་བརྡ་རྙིང་ཞེས་གསུངས།
Type བརྡ་རྙིང་།
རྫི་ (2)
Part of speech མིང་ཚིག
Definition གཞན་གྱི་ཟས་སོགས་ལོངས་སྤྱོད་པར་འཛེམ་དོགས་དང་ངོ་ཚ་བྱེད་པའི་བྱ་སྤྱོད་ཀྱི་མིང་སྟེ།
Example རང་ཟས་རང་གིས་ཟ་བར་རྫི་མི་བྱེད། མི་རྫི་མེད། མི་རྫི་ཆེན་ཞེས་པ་ལྟ་བུ།
རྫི་ (3)
Part of speech མིང་ཚིག
Definition རྫི་བོ་ཡི་བསྡུས་མིང་།
Example ནོར་རྫི། ལུག་རྫི་ལྟ་བུ།
རྫི་ (4)
Part of speech མིང་ཚིག
Definition སྣ་ཤེས་ཀྱི་ནུས་པ་དམིགས་བསལ་བ་ཞིག
Example ཁྱི་འདི་རྫི་ཧ་ཅང་རྣོན་པོ་ཞིག་ཡིན་ལྟ་བུ།
རྫི་ (1)
Part of speech གྲངས་ཚིག
Definition གྲངས་གནས་ཤིག་གི་མིང་།