82679
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། ཤིང་སཱ་ལའི་རྒྱལ་པོ་རབ་བརྟན་གྱི་ཤར་དུ་དཔག་ཚད་ཉི་ཤུ་འདས་པ་ན་རྫིང་བུ་དལ་གྱིས་འབབ་ཅེས་བྱ་བ་ཆུ་ཞེང་དུ་དཔག་ཚད་ལྔ་བཅུ་ལྔ་བཅུ་ཡོད་པ་མཐའ་སྐོར་ལ་དཔག་ཚད་ཉིས་བརྒྱས་འཁོར་བ་རྫིང་གཡོག་བརྒྱད་སྟོང་དང་བཅས་པ་ཡོད་དོ། །བརྒྱ་བྱིན་གྱི་གཡུལ་ངོར་སྤྱོད་པའི་གླང་པོ་ཆེ་རབ་བརྟན་ནི་གླང་གཡོག་བརྒྱད་སྟོང་དང་བཅས་ཏེ་དགུན་ཟླ་བ་བཞི་བྲག་གསེར་གྱི་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་དང་དཔྱིད་ཟླ་བ་བཞི་སཱ་ལའི་རྒྱལ་པོ་རབ་བརྟན་གྱི་དྲུང་དང་། དབྱར་ཟླ་བ་བཞི་རྫིང་བུ་དལ་གྱིས་འབབ་ཏུ་གནས་སོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། ། |
| Domain | ཆོས་ལུགས། |