82695

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫུ་འཕྲུལ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། བྱེ་བྲག་སྨྲ་བ། སྤྲུལ་པ་ལ་དབང་འབྱོར་བའི་སྒོམ་བྱུང་གི་ཏིང་ངེ་འཛིན་ཞིག་སྟེ། མཆིམས་མཛོད་ལས། འོ་ན་རྫུ་འཕྲུལ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། བྱེ་བྲག་ཏུ་སྨྲ་བ་རྫུ་འཕྲུལ་ནི་ཏིང་ངེ་འཛིན་ཡིན་ནོ་ཞེས་འདོད་དེ། འདིས་འབྱོར་ཞིང་འགྲུབ་པར་བྱེད་པའི་ཕྱིར་རོ། །ཅི་ཞིག་འབྱོར་ཞིང་འགྲུབ་ཅེ་ན། རྫུ་འཕྲུལ་ཏིང་ངེ་འཛིན་དེ་ལས་ནི་ཡུལ་སྤྲུལ་པ་དང་འགྲོ་བ་དབང་འབྱོར་བ་འགྲུབ་པའི་ཕྱིར་རོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:རྫུ་འཕྲུལ་

|; |@@@ | | }}

རྫུ་འཕྲུལ་ (2)
Part of speech མིང་ཚིག
Definition སྤྲུལ་པ་སྟེ། དེ་ནི་རྫུ་འཕྲུལ་གྱི་འབྲས་བུ་སྤྲུལ་པ་ལ་རྒྱུ་རྫུ་འཕྲུལ་གྱི་མིང་བཏགས་པའོ། །དེ་ལ་སྒྲས་བརྗོད་རིགས་ཀྱི་དབྱེ་ན། རྫུ་འཕྲུལ་ལྔ་ལྟ་བུའོ། །

{{#arraymap:རྫུ་འཕྲུལ་

|; |@@@ | | }}

རྫུ་འཕྲུལ་ (3)
Part of speech མིང་ཚིག
Definition རྫུ་འཕྲུལ་ཞེས་བྱ་བ་འདི་ཅི་ཞིག་ཅེ་ན། བྱེ་བྲག་ཏུ་སྨྲ་བ་རྫུ་འཕྲུལ་ནི་ཏིང་ངེ་འཛིན་ཡིན་ནོ་ཞེས་འདོད་དེ། འདིས་འབྱོར་ཞིང་འགྲུབ་པར་བྱེད་པའི་ཕྱིར་རོ། །ཅི་ཞིག་འབྱོར་ཞིང་འགྲུབ་ཅེ་ན། རྫུ་འཕྲུལ་ཏིང་ངེ་འཛིན་དེ་ལས་ནི་ཡུལ་སྤྲུལ་པ་དང་འགྲོ་བ་དབང་འབྱོར་བ་འགྲུབ་པའི་ཕྱིར་རོ། །དེ་ལ་རྫུ་འཕྲུལ་གྱིས་འགྲོ་བ་ནི་རྣམ་པ་གསུམ་ཏེ། བྱ་བཞིན་དུ་རིམ་གྱིས་ལུས་ཀྱིས་མགྱོགས་པོར་ཕྱིན་པར་བྱེད་པ་ལུས་ཕྱིན་བྱེད་དང་། ལམ་ཐག་རིང་པོའང་ཐུང་ངུར་མོས་པ་བྱས་པས་མྱུར་དུ་སླེབ་པ་མོས་པ་ལས་བྱུང་བ་དང་། ཡིད་ཀྱིས་བསམས་པ་ཙམ་གྱིས་དེར་སླེབས་པའི་ཡིད་མགྱོགས་སོ། །དེ་དག་ལས་ཡིད་བཞིན་དུ་མགྱོགས་པས་ན་ཡིད་མགྱོགས་ཀྱིས་འགྲོ་བ་ནི་སྟོན་པ་སངས་རྒྱས་ཁོ་ན་ལ་མངའ་སྟེ། ཡུལ་ཐག་ཤིན་ཏུ་རིང་བར་ཡང་ཐུགས་བསྐྱེད་པ་ཙམ་གྱིས་བྱོན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཞི་ལས་འཕྲོས་པའི་མདོ་ལས། སངས་རྒྱས་རྣམས་ཀྱི་སངས་རྒྱས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་བོ་ཞེས་གསུངས་སོ། །འགྲོ་བ་གཞན་གཉིས་སྟོན་པ་ལ་མངའ་བར་དངོས་སུ་མ་བཤད་ཀྱང་མངའ་བར་གྲུབ་བོ། །སངས་རྒྱས་ལས་གཞན་ཉན་རང་ལ་སོགས་པ་དག་ལ་ནི་ལུས་ཕྱིན་བྱེད་ཀྱི་འགྲོ་བའང་ཡོད་ལ་མོས་པ་ལས་བྱུང་བ་ཡང་ཡོད་དོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །

{{#arraymap:རྫུ་འཕྲུལ་

|; |@@@ | | }}