82698

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫུ་འཕྲུལ་གྱི་ཆོ་འཕྲུལ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཆོ་འཕྲུལ་གསུམ་གྱི་ཡ་གྱལ་གཅིག་དང་། དེ་ནི་རྫུ་འཕྲུལ་གྱི་མངོན་ཤེས་དང་དོན་གཅིག་སྟེ། མཆིམས་མཛོད་ལས། རྫུ་འཕྲུལ་གྱི་ཆོ་འཕྲུལ་དང་ཀུན་བརྗོད་པའི་ཆོ་འཕྲུལ་དང་རྗེས་སུ་བསྟན་པའི་ཆོ་འཕྲུལ་རྣམ་པ་གསུམ་གསུངས་པ་ལས་མངོན་པར་ཤེས་པ་དྲུག་གི་དང་པོ་རྫུ་འཕྲུལ་གྱི་ཡུལ་ཤེས་པའི་མངོན་པར་ཤེས་པ་དང༌། ཞེས་དང་། ཅིའི་ཕྱིར་ཆོ་འཕྲུལ་ཞེས་བྱ་ཞེ་ན། དང་པོར་གདུལ་བྱ་གཞན་གྱི་ཡིད་འཕྲོག་པར་བྱེད་པའི་ཕྱིར་ཏེ་ཧ་རའི་དོན་ཏོ། །དེ་ལ་དང་པོས་ནི་ཕ་རོལ་ཀྱི་ཡིད་འདུན་པའི་སྒོ་ནས་འཕྲོག་པར་བྱེད་ཅིང༌། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:རྫུ་འཕྲུལ་གྱི་ཆོ་འཕྲུལ་

|; |@@@ | | }}

རྫུ་འཕྲུལ་གྱི་ཆོ་འཕྲུལ་ (2)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ཐུགས་རྗེའི་རྫུ་འཕྲུལ་ལས་སྐྱེ་བའི་ཆོ་འཕྲུལ་བཞིའི་ཡ་གྱལ་ཞིག་སྟེ། གདུལ་བྱའི་དོན་དུ་ཞི་བ་དང་ཁྲོ་བོའི་ཆོ་འཕྲུལ་སྣ་ཚོགས་པ་སྟོན་ཚུལ་ཞིག་ཡིན་པར། གཟི་ལྡན་འཆར་ཁའི་འོད་སྣང་ལས། ལང་ཀའི་བདག་པོ། དེ་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི། འདི་ལྟ༷་སྟེ། གང་སྐུ་མ་འགག་པའི་ངང་ལས་ཞི་བ་སྣང་བར་མཛད་པའི་ཆོ་འཕྲུལ་ཅི་བཞིན་པས་འདུལ་བ་དང༌། གཞི་དེ་ལས་གང་དུ་རྣམ་པར་བསྒྱུར་བའི་ཆོ་འཕྲུལ་གདུལ་བྱ་ལ་མི་མཐུན་པར་སྣང་བས་འདུལ་བ་ཁྲོ་བོའི་ཚུལ་ལོ། །ཞེས་པ་ལྟར་དཔེར་ན་ཉི་ཟླ་ཞོན་ཏེ་འགྲོ་བ་སོགས་ཆོ་འཕྲུལ་ཉི་ཤུ་སྟོན་པ་ལྟ་བུ་སྟེ། ཀུན་འདུས་རིག་པ་ལས། རིག་འཛིན་ས་ལ་གནས་པ་དང༌། །ས་ལ་རྩལ་ཆེན་སྦྱོང་བའི་ཚེ། །རྩལ་གྱི་ཆོ་འཕྲུལ་སྣ་ཚོགས་འབྱུང༌། །ཉི་ཟླ་ཞོན་ནས་འགྲོ་བ་དང༌། །རི་རབ་སྐེད་ནས་གསོར་བ་དང༌། །འཇིག་རྟེན་རྒྱང་མར་འཕང་བ་དང༌། །སྲེག་པའི་བསྐལ་པ་གཞིལ་བ་ལ། །སོགས་པའི་ཆོ་འཕྲུལ་ཐམས་ཅད་ཀུན། །ཁྱད་པར་རྩལ་གྱིས་སྟོན་པར་ནུས། །དེ་ལ་སོགས་པའི་རྫུ་འཕྲུལ་རྣམས། །རྫུ་འཕྲུལ་གྱི་ནི་ཆོ་འཕྲུལ་ཡིན། །ཞེས་གསུངས། དེ་ལ་དབྱེ་ན་ཞི་ཁྲོ་གཉིས་ལས་ཕྱེ་བས། གང་སྣང་བར་མཛད་པའི་ཆོ་འཕྲུལ་དང་། གང་དུ་རྣམ་པར་བསྒྱུར་བའི་ཆོ་འཕྲུལ་གཉིས་སོ། །

{{#arraymap:རྫུ་འཕྲུལ་གྱི་ཆོ་འཕྲུལ་

|; |@@@ | | }}