82699

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫུ་འཕྲུལ་གྱི་ཆོ་འཕྲུལ་དབང་ལྔ་དང་ལྡན་པ་རྣམ་པ་ལྔ་ (1)
Part of speech མིང་ཚིག
Definition འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ཞེས་བྱ་བ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྫུ་འཕྲུལ་གྱི་ཆོ་འཕྲུལ་དབང་ལྔ་དང་ལྡན་པ་རྣམ་པ་ལྔ་སྟེ། གཅིག་ཏུ་གྱུར་ནས་མང་པོར་འགྱུར་བ་དང༌། མང་པོར་གྱུར་ནས་གཅིག་ཏུ་འགྱུར་བ་དང༌། སྣང་བ་དང་མི་སྣང་བ་ལ་དབང་བས་སྤྲུལ་པ་ལ་དབང་བ། རྩིག་པ་ལ་ཡང་ཐད་ཀར་འགྲོ། ར་བ་ལ་ཡང་ཐད་ཀར་འགྲོ་བ་ལ་སོགས་པ་ལ་དབང་བས་འགྲོ་བ་ལ་དབང་བ། ནམ་མཁའ་ལ་མངོན་དུ་འཕགས་ཏེ་སྤྱོད་ལམ་རྣམ་བཞི་བྱེད་པ་དང༌། ཆུ་ལ་ཡང་མི་ནུབ་པར་འགྲོ་སྟེ། ས་ཆེན་པོ་ལ་བྱ་བ་བཞིན་བྱེད་པ་ལ་དབང་བས་གནས་པ་ལ་དབང་བ། མིའི་འགྲོ་བར་འདི་ན་གནས་བཞིན་དུ་ལྷའི་འགྲོ་བར་གཏོགས་པ། ཟླ་བ་དང༌། ཉི་མ་འདི་གཉིས་འདི་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་མཐུ་ཆེ་བ་འདི་ལྟར་གཟི་བརྗིད་ཆེ་བ་ལའང་ལག་པས་འཛིན་ཅིང་ཀུན་ཏུ་ཉུག་པར་བྱེད་པས་ལུས་ལ་དབང་བ། ཚངས་པའི་འཇིག་རྟེན་གྱི་བར་དུ་སེམས་ཅན་རྣམས་ལ་ལུས་ཀྱི་དབང་བསྒྱུར་བས་ཁམས་ཁྱད་པར་ཅན་ལ་དབང་བ་སྟེ། དེ་ལྟར་དབང་ལྔ་དང་ལྡན་པས་གདུལ་བྱའི་སེམས་ཅན་གྱི་འདུན་པར་བྱེད་པ་ནི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལོ། །
Domain ཆོས་ལུགས།

{{#arraymap:རྫུ་འཕྲུལ་གྱི་ཆོ་འཕྲུལ་དབང་ལྔ་དང་ལྡན་པ་རྣམ་པ་ལྔ་

|; |@@@ | | }}