82703

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫུ་འཕྲུལ་གྱི་བྱ་བ་མངོན་པར་ཤེས་པའི་སྤྱོད་པ་ཡོངས་སུ་དག་པ་ལྔ་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས་བྱུང་བ་སྟེ། ལུས་དང་གཟུགས་ཀུན་ཏུ་སྟོན་པའི་རྫུ་འཕྲུལ། ཚིག་དང་སྐད་རྣམ་པར་རིག་པར་བྱེད་པའི་རྫུ་འཕྲུལ། སེམས་དང་ཡིད་མངོན་པར་འདུ་བྱེད་པའི་རྫུ་འཕྲུལ། སེམས་ཅན་ཐམས་ཅད་ཀྱི་སྐད་དུ་རྣམ་པར་རིག་པར་བྱེད་པའི་རྫུ་འཕྲུལ། མངོན་དུ་མངོན་པར་འདུ་མི་བྱེད་པའི་རྫུ་འཕྲུལ་ལོ། །
Domain ཆོས་ལུགས།