82706

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྫུ་འཕྲུལ་གྱི་འགྲོ་བ་གསུམ་ (1)
Part of speech མིང་ཚིག
Definition རྫུ་འཕྲུལ་གྱིས་སྤྲུལ་བའམ་འགྲོ་བའི་དབྱེ་བ་སྟེ། ལུས་ཀྱིས་ཕྱིན་བྱེད་དང་། མོས་པ་ལས་བྱུང་བ་དང་། ཡིད་མགྱོགས་པའོ། །དེ་དག་ནི་རིམ་པ་ལྟར་བྱ་བཞིན་དུ་རིམ་གྱིས་མགྱོགས་པར་ཕྱིན་པར་བྱེད་པ་ལུས་ཕྱིན་བྱེད་དང་། ལམ་ཐག་རིང་པོའང་ཐུང་ངུར་མོས་པ་བྱས་པས་མྱུར་དུ་སླེབ་པ་མོས་པ་ལས་བྱུང་བ་དང་། ཡིད་ཀྱིས་བསམས་པ་ཙམ་གྱིས་དེར་སླེབ་པའི་ཡིད་མགྱོགས་སོ། །
Domain ཆོས་ལུགས།