82709
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། རྫུ་འཕྲུལ་གྱི་སྒོ་ནས་སངས་རྒྱས་ཀྱི་ཞིང་རབ་འབྱམས་སུ་བགྲོད་པའི་ནུས་པ་དང་ལྡན་པས་རྐང་པ་གཉིས་པ་དང་འདྲ་བས་དེ་ལྟར་བརྗོད་པའི་ཕྱིར། དམིགས་པ་དང་ངོ་བོ་སོགས་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དམིགས་པ་ཡོད་དེ། ཏིང་ངེ་འཛིན་ལ་བརྟེན་ནས་འགྲུབ་པར་བྱ་བའི་སྤྲུལ་བསྒྱུར་སྣ་ཚོགས་པ་ནི་དེའི་དམིགས་པ་ཡིན་པའི་ཕྱིར། ངོ་བོ་ཡོད་དེ། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པའི་ཏིང་ངེ་འཛིན་དུ་གྱུར་པའི་ལམ་ཞུགས་ཀྱི་མཁྱེན་པ་ཞིག་ལ་འཇོག་པའི་ཕྱིར། གྲོགས་ཡོད་དེ། འདུན་པ་བརྩོན་འགྲུས་སེམས་པ་དཔྱོད་པ་བཞི་དང་དེ་ལས་གཞན་པའི་སེམས་སེམས་བྱུང་རྣམས་ཡིན་པའི་ཕྱིར། དགོས་པ་ཡོད་དེ། སྤྲུལ་བསྒྱུར་སྣ་ཚོགས་འཇུག་པའི་ཆེད་ཡིན་པའི་ཕྱིར། |
Domain | ཆོས་ལུགས། |
{{#arraymap:རྫུ་འཕྲུལ་གྱི་རྐང་པ་བཞི་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | བྱང་ཕྱོགས་སོ་བདུན་གྱི་ནང་ཚན་གང་ཞིག ཏིང་ངེ་འཛིན་འགྲུབ་པའི་གཞིར་གྱུར་པའི་རབ་ཏུ་ཕྱེ་བའི་ཏིང་ངེ་འཛིན་གཙོ་བོར་གྱུར་པའི་མཁྱེན་པར་དམིགས་པ། རྫུ་འཕྲུལ་གྱི་རྐང་པའི་མཚན་ཉིད་ཡིན། དེ་ལ་དབྱེ་ན། བཞི་ཡོད་དེ། བདུན་པའི་ཏིང་ངེ་འཛིན་སྤོང་པའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ། བརྩོན་འགྲུས་ཀྱི་དེ། སེམས་པའི་དེ། དཔྱོད་པའི་ཏིང་ངེ་འཛིན་སྤོང་པའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་རྣམས་སུ་ཡོད་པའི་ཕྱིར། |
{{#arraymap:རྫུ་འཕྲུལ་གྱི་རྐང་པ་བཞི་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མཚན་ཉིད། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམས་པ་ལས་བྱུང་བའི་རིགས་སུ་གནས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་གང་ཞིག། ཚོགས་ལམ་ཆེན་པོ་ཡན་ཆད་གྱིས་བསྡུས་པ། དབྱེ་ན། འདུན་པའི་རྫུ་འཕྲུལ་གྱི་རྐང་པ། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ། སེམས་པའི་རྫུ་འཕྲུལ་གྱི་རྐང་པ། ཤེས་རབ་ཀྱི་རྫུ་འཕྲུལ་གྱི་རྐང་པ་བཞིའོ་ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། ། ཚོགས་ལམ་ཆེན་པོའི་རྫུ་འཕྲུལ་རྐང་པ་བཞི་ནི། ཏིང་ངེ་འཛིན་ཡོངས་སུ་སྦྱོང་བའི་ལམ་ཡིན་ཏེ། ཚོགས་ལམ་ཆེན་པོས་བསྡུས་པའི་སྤོང་བའི་འདུ་བྱེད་དང་ལྡན་པའི་མངོན་རྟོགས་ཡིན་པའི་ཕྱིར། ཆོས་ཅན་བཤད་པ་ལ། དམིགས་པ་ནི་ཏིང་ངེ་འཛིན་གྱིས་འགྲུབ་པའི་བྱ་བ་སྤྲུལ་བསྒྱུར་ལ་སོགས་པའོ། །ངོ་བོ་ནི་ཏིང་ངེ་འཛིན་ནོ། །གྲོགས་ནི་གུས་པར་སྦྱོར་བའི་འདུན་པ་དང་། རྒྱུན་དུ་སྦྱོར་བའི་བརྩོན་འགྲུས་དང་། སྔོན་གྱི་ཏིང་ངེ་འཛིན་གྱི་བག་ཆགས་དང་ལྡན་པའི་སེམས་དང་། དམིགས་པ་རྣམ་པར་འབྱེད་པའི་ཤེས་རབ་བོ། །བསྒོམ་པའི་ཚུལ་ནི། ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་ཏིང་ངེ་འཛིན་བསྒོམ་པར་བྱེད་པའོ། །ཞེས་དང་། འབྲས་བུ་ནི་རྫུ་འཕྲུལ་སོགས་ཇི་ལྟར་འདོད་པ་བཞིན་དུ་མངོན་དུ་འགྱུར་བ་ཡིན་ནོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའི་སེམས་གནས་པ་ལས་སུ་རུང་བའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་དེ། རྫུ་འཕྲུལ་གྱི་རྐང་པའི་མཚན་ཉིད། དབྱེ་ན་བཞིའོ། །ས་མཚམས་ནི། ཉན་ཐོས་ཀྱི་ཚོགས་ལམ་ཆེན་པོ་ནས་སངས་རྒྱས་ཀྱི་སའི་བར་རོ། །འདིར་སྤོང་བའི་འདུ་བྱེད་བརྒྱད་ནི། འདུན་པ། རྩོལ་བ། དད་པ། ཤིན་སྦྱངས། དྲན་པ། ཤེས་བཞིན། སེམས་པ། བཏང་སྙོམས་སོ། །ཉེས་པ་ལྔ་སྤོང་བའི་ཕྱིར་མངོན་པར་འདུས་བྱེད་པས་ན་སྤོང་བའི་འདུ་བྱེད་ཅེས་བྱ། དེ་ལས་སྐྱེས་པའི་ཏིང་ངེ་འཛིན་དེ་ལ་རྫུ་འཕྲུལ་གྱི་རྐང་པ་ཞེས་བྱ་ཞིང། འདིར་རྫུ་འཕྲུལ་ནི་སྤྱན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་རྣམས་ལ་བྱ་ལ། དེའི་རྟེན་ཡིན་པའི་ཕྱིར་རྐང་པ་ཞེས་བྱའོ། །ཉེས་པ་ལྔ་ནི་ཇི་སྐད་དུ། ལེ་ལོ་དང་ནི་གདམ་ངག་རྣམས། །རྗེད་དང་བྱིང་དང་རྒོད་པ་དང། །འདུ་མི་བྱེད་དང་འདུ་བྱེད་དང། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་པ་ལྟར། བྱིང་རྒོད་གཉིས་པོ་གཅིག་ཏུ་བྱས་པའོ། །ལེ་ལོའི་གཉེན་པོ་ནི་བཞི་སྟེ། འདུན་པ་ནི་རྟེན་ཡིན་ཏེ། །རྩོལ་བ་ནི་དེ་ལ་བརྟེན་པ་ཡིན། །དད་པ་ནི་འདུན་པའི་རྒྱུ་ཡིན། །ཤིན་ཏུ་སྦྱངས་པ་ནི་རྩོལ་བའི་འབྲས་བུ་ཡིན་པའི་ཕྱིར་རོ། །གཉེན་པོ་ཕྱི་མ་བཞི་དང། ཉེས་པའི་ཕྱི་མ་བཞི་སྤང་གཉེན་དུ་སྦྱར་རོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། ། |
{{#arraymap:རྫུ་འཕྲུལ་གྱི་རྐང་པ་བཞི་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྫུ་འཕྲུལ་གྱི་རྐང་པ་བཞི་ཡོད་དེ། འདུན་པའི་རྫུ་འཕྲུལ་གྱི་རྐང་པ། བརྩོན་འགྲུས་ཀྱི་རྫུ་འཕྲུལ་ཀྱི་རྐང་པ། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ། དཔྱོད་པའི་རྫུ་འཕྲུལ་ཀྱི་རྐང་པ་རྣམས་སུ་ཡོད་པའི་ཕྱིར། |
{{#arraymap:རྫུ་འཕྲུལ་གྱི་རྐང་པ་བཞི་
|; |@@@ | | }}